ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་སློབ་མ་དབུལ་པོར་ཕན་པ་བསྐྲུན། ​

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་མར་རོགས་དངུལ་སྤྲོད་རྒྱུ་དེ་སློབ་གསོ་དབུལ་སྐྱོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་ཏེ་རོགས་དངུལ་སྲིད་ཇུས་ཀྱིས་སློབ་མ་དབུལ་པོར་ཕན་པ་བསྐྲུན་འདུག

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོའི་གཞི་གྲངས་དང་ཁོངས་གཏོགས་ཁྱིམ་ཚང་གི་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་མཐིལ་རྟོགས་བྱས་པའི་རྨང་གཞིའི་ཐོག《སློབ་མ་དབུལ་པོའི་རོགས་དངུལ་ལས་དོན་ཇུས་གཞི》བཟོས་ནས་སློབ་ཞུགས་གོང་གི་སློབ་གསོ་དང་མཐོ་རིམ་སློབ་གསོའི་སློབ་མ་དབུལ་པོར་ཁྱབ་པའི་སློབ་གསོའི་གནད་སྨིན་དབུལ་སྐྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།གྲོང་ཁྱེར་འདི་ཉིད་ཀྱིས་ཞིབ་མཆན་འགོད་པའི་ལས་ཀའི་གོ་རིམ་ནན་དུ་གཏོང་བ་དང་། རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ། རོགས་དངུལ་སྤྲོད་པའི་རྒྱ་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲིད་གཞུང་གིས་སྤྱི་འདོམས་བྱས་པའི་རིམ་རྩིས་ལྟར་མ་དངུལ་སྒོར་ཁྲི་2955བཀོད་སྒྲིག་བྱས་ནས་2016ལོ་ནས་2019ལོ་བར་གྱི་སློབ་ལོ་གསུམ་ནང་གྲོང་ཁྱེར་ཡོངས་ཀྱི་སློབ་མ་དབུལ་པོ་7671ལ་རོགས་སྐྱོར་བྱས་པ་རེད།  སློབ་གསོའི་དམངས་ཕན་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་པ་བརྒྱུད་སློབ་མ་དབུལ་པོ་དབུལ་པོའི་རྐྱེན་གྱིས་སློབ་མཚམས་འཇོག་པ་དང་ཁྱིམ་ཚང་དབུལ་པོའི་སློབ་མ་སློབ་གྲྭར་བསྐྱོད་ནས་དབུལ་པོ་མི་ཆགས་པར་འགན་ལེན་བྱས་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།