ཀྲུང་གོ་བོད་ཀྱི་དྲ་བ།

“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1571708527525258.jpg

ལས་བཟོ་བས་བོད་སྤོས་ངོ་སྤྲོད་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས16ནས་ཚེས18ཉིན་བར། “འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་ཤིང་། ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། སྲོལ་རྒྱུན་གླུ་གར་འཁྲབ་སྟོན། སྤུས་ལེགས་གནས་སྐོར་ལམ་ཐིག་འོས་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད། སེམས་ཀྱི་ཉི་ཟླའི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་། ཡུལ་སྐོར་ཐོན་ཁུངས། གནམ་གཤིས་ཆ་རྐྱེན། འགྲིམ་འགྲུལ་ཡོ་བྱད། སྡོད་ཁང་སོགས་ཐད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མངོན་པ་དང་། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་གཟུགས་བརྙན་གསར་པ་དང་། བཀྲག་མདངས་འཚེར་བའི་གནས་གསར་པ་ཕྱི་ཕྱོགས་སུ་མངོན་པར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླར་རྒྱུས་ལོན་དང་། སེམས་ཀྱི་ཉི་ཟླར་ཤེས་རྟོགས་བྱེད་པ། སེམས་ཀྱི་ཉི་ཟླར་སྐྱོད་ཐུབ་པ་བཅས་བྱས་པ་རེད། 

3.jpg

  ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཧྲུའུ་ཁུན་གྱིས་ཧྲང་ཧའེ་ཡི་གྲོགས་པོ་གཉིས་དང་མཉམ་དུ་པར་བརྒྱབ་པ་རེད། 

2.jpg

ཤིང་ཕོར་ལ་ཧྲང་ཧེའི་གྲོང་མིའི་དགའ་བསུ་ཐོབ། 

འོས་སྦྱོར་ཚོགས་འདུ་དེ་ཧྲང་ཧའེ་གྲོང་ཁྱེར་མིང་ཧང་སྡེ་ཁུལ་ཨུ་དང་། སྡེ་ཁུལ་སྲིད་གཞུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཧྲང་ཧའེ་གྲོང་ཁྱེར་མིང་ཧང་སྡེ་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་བཅས་ཀྱིས་འགན་གཉེར་བྱས། ཧྲང་ཧའེ་གྲོང་ཁྱེར་གྱི་སྨྱན་སྦྱོར་འོས་སྦྱོར་ལས་ཁུངས་དང་ཡུལ་སྐོར་ལས་དོན་ཁང་སོགས་ལས་ཁུངས300ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་སྐབས་ད་དུང་བྱ་དགའ་ལེན་པའི་ས་ཚིགས་བཙུགས་ནས་ནོར་ནག་གི་ཤ་སྐམ་དང་། བོད་དངུལ་དཀར་ཡོལ། སེམས་ཀྱི་ཉི་ཟླའི་སྤུས་ལེགས་ལམ་ཐིག་ཡུལ་སྐོར་སོགས་ཀྱི་བྱ་དགའི་དངོས་རྫས་ལ་ཧྲང་ཧའེ་གྲོང་མིས་དགའ་བསུ་ཆེན་པོ་ཐོབ་ནས་ཡུལ་དངོས་སུ་དགའ་སྤྲོའི་འདུ་འཛིས་ཁེངས།  

4.jpg

  ཧྲང་ཧའེ་ཡི་གྲོང་མིས་འཁྲབ་སྟོན་རུ་ཁག་དང་མཉམ་དུ་ཞབས་བྲོ་ལྡིང་བཞིན་པ། 

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་ལས་རིགས་གསར་གཏོད་ལ་གཞོལ་ནས་ཁུ་བྱུག་གི་ཡུལ་སྐོར་དང་། ཚ་གཡོལ་གྱི་ཡུལ་སྐོར། བེ་ཤའི་ཡུལ་སྐོར། བྱ་གཟིགས་ཀྱི་ཡུལ་སྐོར་སོགས་སྔ་རྗེས་སུ་ཡུལ་སྐོར་རྣམ་གྲངས་ཇེ་མང་དུ་བཏང་སྟེ། སྣེ་ལེན་གྱི་ནུས་པ་དང་ཤར་བགྲོད་ཐུབ་པའི་སྒྲིག་བཀོད་གཞི་རྩའི་ཆ་ནས་འཐུས་ཚང་དུ་བཏང་བས། སྣོད་བཅུད་ཡུལ་སྐོར་དང་མྱུལ་ཞིབ་ཡུལ་སྐོར། ཚན་རིག་ཞིབ་འཇུག་ཡུལ་སྐོར། སྤྲོ་འཆམ་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཆགས་ཡོད། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུAརིམ་པའི་མཛེས་ལྗོངས་ཁུལ15ཡོད་པའི་ནངA5རིམ་པའི་མཛེས་ལྗོངས་ཁུལ1དངA4རིམ་པའི་མཛེས་ལྗོངས་ཁུལ4དང་། མགྲོན་ཁང་དང་། གཞིས་ཀ འགྲུལ་ཁང་སོགས700ལྷག་ཙམ་ཡོད་པ་རེད། ད་དུང་པེ་ཅིན་དང་ཧྲང་ཧའེ། ཁྲུང་ཆིང་། ཀོང་ཀྲོའུ། ཧྲིན་ཀྲེན། ཁྲིན་ཏུའུ། ཁུང་མིན་སོགས་སུ་བསྐྱོད་པའི་མཁའ་ལམ་11ཤར་གཏོང་བྱས་ཡོད་པ་རེད། 

5.jpg

    “ང་ཚོར་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་བཟོ་བའི་འཆར་གཞི་སྔ་མོ་ནས་ཡོད་པས། དེ་རིང་གི་འོས་སྦྱོར་ཚོགས་འདུ་བརྒྱུད་དེ་སེམས་ཀྱི་ཉི་ཟླའི་ནམ་ཟླ་དང་འགྲིམ་འགྲུལ། ཡུལ་སྐོར་ཐོན་ཁུངས་སོགས་ལ་སྔར་བས་རྒྱུས་ལོན་ཟབ་མོ་བྱུང་ཡོད། རྗེས་མར་ང་ཚོས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་རིམ་བཞིན་ཁྱབ་གདལ་དུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་པོ་སེམས་ཀྱི་ཉི་ཟླར་འཁྲིད་རྒྱུ་ཡིན། ”ཞེས་ཧྲང་ཧའེ་ལིག་ཡིའུ་ཡུལ་སྐོར་ལས་དོན་ཁང་གི་ཀྲང་ཕེ་ཡུན་གྱིས་བཤད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།