ཀྲུང་གོ་གསར་པ་བཙུཊ་ནས་ལོ70འཁོར་བའི་རིག་གནས་བྱེད་སྒོ་མཇུག་འགྲིལ།

1_副本.jpg

གུས་ཞབས་ཞབས་བྲོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10པའི་ཚེས་6ཉིན་གྱི་དགོང་མོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་མ་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིམ་སྤེལ་རིག་གནས་བྱེད་སྒོ་དེ་རྡོ་མཁར་རྫོང་ཐང་ཆེན་ནས་བསྡུས་པ་དང་། སྤྲོ་སྣང་དང་གསོན་ཤུགས་ཀྱིས་ཁེངས་པའི་གླུ་གར་དགོང་ཚོགས་དང་།  དམངས་ཡོངས་ཞུགས་པའི་མི་རིགས་ཐང་ཆེན་ཞབས་བྲོ།  མེ་ཕུང་དགོང་ཚོགས་སོགས་ཀྱིས་སྟོན་དུས་ཀྱི་བདེ་ཆེན་མཐོ་སྒང་ལ་མཚར་སྡུག་རྣམ་པར་བཀྲ་བའི་སྣང་བརྙན་ཞིག་བསྐྲུན་ཡོད།  

2_副本.jpg

སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ།

རོལ་དབྱངས་དང་གློག་འོད་གཉིས་ཀྱི་མཐུན་སྦྱོར་འོག་ཚང་མས་ལག་ཏུ་རྒྱལ་དར་དང་འོད་དབྱུག་བཟུང་ནས་གང་སར་འཁྲུག་ཆ་དོད་པའི་རྣམ་པ་ཞིག་གིས་བཀང་ཡོད། སྤྲོ་སེམས་འཁོལ་བའི་གུས་ཞབས་ཞབས་བྲོ་ཞེས་པ་དེས་ལྟད་མོ་བར་བོད་བཟོའི་ཕོ་བྲང་གི་ཞབས་བྲོ་གྲལ་སྟར་འགྲིག་ལ་ལྟ་ན་སྡུག་པའི་རྣམ་པ་དེ་མངོན་ཡོང་བ་དང་།  སྒྲོལ་མའི་གླུ་ལ་ཉན་པ།  རྒྱལ་ཐང་སྒོར་གཞས་སོགས་བདེ་ཆེན་ས་མཐོའི་ཁྱད་ཆོས་ཀྱིས་ཁེངས་པའི་གླུ་གཞས་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་བདེ་ཆེན་མི་དམངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་མཛེས་སྡུག་ལྡན་པའི་རྣམ་པ་དེ་ཉམས་སུ་མྱོང་ཐུབ།  སེམས་ཀྱི་ཉི་ཟླར་བསྐྱོད་པ་སོགས་གླུ་གཞས་ལས་བདེ་ཆེན་གྱི་བུ་དང་བུ་མོ་ཚོ་དུས་རབས་ཀྱི་རྗེས་སྙེག་པའི་སྤྲོ་སེམས་མཚོན་ཐུབ་ཅིང་།  རྒྱང་རིང་གི་མགྲོན་པོ་རྣམས་ལ་བདེ་ཆེན་གྱི་མི་རིགས་སྣ་མང་དང་རིག་གནས་སྣ་མང་མཉམ་འདྲེས་ཀྱི་ཁྱད་ཆོས་མངོན་པ་དང་། སྤྲོ་སེམས་དང་། མཐུན་སྒྲིལ། ཞི་མཐུན་བཅས་ནི་བདེ་ཆེན་མཐོ་སྒང་གི་རྒྱན་དུ་མངོན་ཡོད།   

3_副本.jpg

དབྱིས་རིགས་ཀྱི་ཞབས་བྲོ།

དགོང་ཚོགས་མཇུག་འགྲིལ་རྗེས་ཟླ་འོད་ཐང་ཆེན་ནི་གླུ་གར་གྱི་རྒྱ་མཚོར་གྱུར་ཞིང་།  འཁྲབ་སྟོན་མི་སྣ་དང་ལྟད་མོ་བ་ཡོངས་ཀྱིས་མི་རིགས་ཐང་ཆེན་ཞབས་བྲོ་འཁྲབ་ནས་གླུ་གར་གྱི་རྒྱ་མཚོའི་ཀློང་ན་མི་རྣམས་ནི་དགའ་བའི་དཔལ་གྱིས་མྱོས་ཤིང་ཚིམ།

4_副本.jpg

མེ་ཕུང་དགོང་ཚོགས་ཀྱི་ཡུལ་དངོས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།