ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་འགྲུལ་སྐྱེལ་ས་ཚིགས་དང་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1569293592878505.jpg

འབབས་ཚིགས་ཐོག་མར་བཙུགས་དུས་ཀྱི་སྟག་མཆོང་འགག་གྲོང་རྡལ་ཟམ་སྣེའི་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞུང་ལམ་ཤར་གཏོང་མ་བྱས་པའི་སྔ་རོལ་ཏུ་བདེ་ཆེན་མངའ་ཁོངས་ཀྱི་མང་ཚོགས་དང་འགྲོ་འོང་བྱེད་མཁན་གྱི་དཔོན་རིགས་དང་ཡུལ་སྐོར་ཚོང་པ་བཅས་ཀྱིས་གཙོ་བོ་རྟར་ཞོན་པའམ་ཡང་ན་འགྱོགས་བྱམས་སོགས་ལ་བརྟེན་ནས་འགྲོ་འོང་བྱེད་བཞིན་ཡོད། དུས་རབས་སྔོན་མའི་ལོ་རབས50པར་བདེ་ཆེན་དུ་གཞུང་ལམ་ཤར་གཏོང་བྱས་རྗེས། རིམ་བཞིན་རླངས་འཁོར་དང་། འདྲུད་འཐེན་འཁོར་ལོ། ཤིང་རྟ་བཅས་ཀྱི་འགྲིམ་འགྲུལ་ཡོ་བྱད་བྱུང་། 

    1962ལོ་ནས1984ལོའི་བར། བདེ་ཆེན་མངའ་ཁོངས་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཚང་མ་ལི་ཅང་འགྲུལ་སྐྱེལ་འབབ་ཚིགས་དང་ཞ་ཀོན་རླངས་འཁོར་སྤྱི་ཁྱབ་ས་ཚིགས་ཀྱི་ལས་ཚབ་འགྲུལ་སྐྱེལ་ས་ཚིགས་ཡིན་པ་དང་། སྐབས་དེར་བདེ་ཆེན་དུ་ཆེད་མངགས་འགྲུལ་སྐྱེལ་རླངས་འཁོར་གཅིག་ཀྱང་མེད། 1962ལོ་ནས་བཟུང་། ལི་ཅང་འགྲུལ་སྐྱེལ་ས་ཚིགས་ཀྱིས་དུས་ངེས་མེད་དུ་ཝུའེ་ཤིས་སུ་འགྲུལ་སྐྱེལ་རླངས་འཁོར་བཏང་བ་དང་། དུས་མཚུངས་རྒྱལ་ཐང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགྲུལ་སྐྱེལ་རླངས་འཁོར་ཉིན2གྱི་ནང་ཐེངས1བཏང་བ་རེད། ལོ་རབས60པའི་དུས་མཇུག་ཏུ། ཞ་ཀོན་འགྲུལ་སྐྱེལ་འབབས་ཚིགས་ཀྱིས་རྒྱལ་ཐང་དུ་གཏོང་བའི་འགྲུལ་སྐྱེལ་རླངས་འཁོར་ཉིན5རེར་ཐེངས1བར་ཉུང་དུ་ཕྱིན་ནས་མང་ཚོགས་རྣམས་ཕྱིར་སྐྱོད་རྒྱུར་སྟབས་མི་བདེ་པ་བཟོས། 

1984ལོའི་ཟླ10པར། རྒྱལ་ཐང་རླངས་འཁོར་སྐྱེལ་འདྲེན་སྤྱི་ཁྱབ་ས་ཚིགས་ཀྱི་འགྲུལ་སྐྱེལ་ས་ཚིགས་བཙུགས་ནས་ལོ20ལྷག་ཙམ་རིང་བདེ་ཆེན་ས་ཁུལ་གྱི་ལི་ཅང་འགྲུལ་སྐྱེལ་ལམ་ཐིག་དང་། ཞ་ཀོན་འགྲུལ་སྐྱེལ་ལས་ཚབ་ས་ཚིགས་ཀྱི་ལོ་རྒྱུས་མཇུག་སྒྲིལ་བ་རེད། འགྲུལ་སྐྱེལ་འབབས་ཚིགས་བཙུགས་རྗེས། བདེ་ཆེན་ཁུལ་གྱིས་ཕྱོགས་གཅིག་ནས་ཁ་ལོ་བའི་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དང་། ཕྱོགས་གཅིག་ནས་འགྲུལ་སྐྱེལ་རླངས་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཚབ་བྱས་པ་དང་། ལོ་ཧྲིལ་པོའི་འགྲུལ་སྐྱེལ་སྐྱེལ་འདྲེན་མི་གྲངས་མི་ཐེངས8000ལ་སླེབས་པ་རེད། 1985ལོའི་བར་རྒྱལ་ཐང་འགྲུལ་སྐྱེལ་འབབས་ཚིགས་སུ་འགྲུལ་སྐྱེལ་རླངས་འཁོར15ཡོད་པ་དང་། རྒྱལ་ཐང་ནས་ཁུན་མིང་དང་། ཞ་ཀོན། ལི་ཅང་། བདེ་ཆེན། ཝུའེ་ཤིས། ཤང་ཁྲེང་། ཞའོ་ཀྲུང་ཏིན། ཅིན་ཅང་སོགས་བར་གྱི་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་བྱས་པ་རེད། 

2.jpg

ལོ་ངོ30ལྷག་ཙམ་རིང་དཀའ་ཚེགས་ཀྱི་ཁྲོད་འཕེལ་རྒྱས་ཕྱིན་པ་བརྒྱུད། ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། རྒྱལ་ལམ་དང་། ཞིང་ཆེན་ལམ། རྫོང་ལམ། ཤང་ལམ། གྲོང་ཚོའི་གཞུང་ལམ། ཆེད་སྤྱོད་གཞུང་ལམ་བཅས་ཁུལ་ཡོངས་ཀྱི་ས་གནས་ཁག་ཏུ་འགྲུལ་སྐྱེལ་དཔུང་ཁག་ཀྱང་དེ་དང་ཆབས་ཅིག་སྟོབས་ཆེར་ཕྱིན། 2018ལོའི་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ6885.478ཟིན་པ་དང་། སེམས་ཀྱི་ཉི་ཟླའི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སུ་འགྲུལ་སྐྱེལ་རླངས་འཁོར143དང་། སྲིད་འཛིན་གྲོང་ཚོ188ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་བས། སྲིད་འཛིན་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་97%ལ་སླེབས། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་གྲངས463773ལ་སླེབས་ནས། མང་ཚོགས་ཕྱིར་སྐྱོད་དང་ཡུལ་སྐོར་བ་འགྲོ་འོང་ལ་སྟབས་བདེ་ཧ་ཅང་ཆེན་པོ་བསྐྲུན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།