ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1000ལྷག་ཙམ་ལ་སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་བའི་ལོ་འགའི་རིང་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“འཛམ་གླིང་གི་ཤམ་བྷ་ལའི་སྤུས་རྟགས”སྲུང་སྐྱོང་བྱེད་པར་དམིགས་བྱར་བཟུང་སྟེ། བོད་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་དམངས་སྲོལ་དང་། གླུ་གཞས། ཞབས་བྲོ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ལ་སྤྱན་གཟིགས་དང་ཉམས་ལེན་ཐད་ཤུགས་ཆེ་རུ་བཏང་ནས། སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་འདེགས་སྐྱོར་དུ་བྱས་པ་བརྒྱུད་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་དང་ལག་བསྟར་བྱ་རྒྱུར་རོགས་རམ་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་རེད།

༣.jpg

༤.jpg

༥.jpg

 སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1044.23སྣེ་ལེན་བྱས་པ་དང་། དེའི་ནང་ཟླ7པར་མི་ཐེངས་ཁྲི351.67སྣེ་ལེན་བྱས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི1087753.33མངོན་འགྱུར་བྱུང་ལ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།