ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དང་པོའི་ཀྲུང་གོ་སེམས་ཀྱི་ཉི་ཟླའི་རྒྱལ་བདེ་བེ་ཤ་ཤ་མོ་དུས་ཆེན་གྱིས་སྐུ་མགྲོན་བསུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

6.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས17ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྐྱིད་བདེ་གྲོང་ཚོའི་ཨུ་ཡོན་ལྷན་ཚོགས་གཉིས་མཉམ་འབྲེལ་བྱས་ནས་སྐབས་དང་པོའི་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་རྒྱལ་བདེ་བེ་ཤ་ཤ་མོ་དུས་ཆེན་སྤེལ་འགོ་བརྩམས། 

5.jpg

སྟོན་དུས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གང་སར་བེ་ཤའི་དྲི་ཞིམ་འཐུལ་ཞིང་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་བཞད་ལ་བསིལ་རླུང་གཡུགས།  ཡུལ་སྐོར་པ་དང་། གྲོང་མི། སྐུ་མགྲོན། སྨྱན་སྦྱོར་བཅས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོར་འཛོམས་ནས་བེ་ཤ་འཐུ་བར་རོལ་མྱོང་བྱས་པ་རེད།

2.jpg

“རྒྱལ་བདེ”ནི་དར་ཞིང་རྒྱས་པའི་ཞི་བདེའི་ཡུལ་ཁམས་ཀྱི་དོན་ཡིན་ལ། དེ་ནི་རྒྱལ་ཐང་གྲོང་རྡལ་གྱི་གནའ་བོའི་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། ལོ་རྒྱུས་ཀྱི་ཡུན་རིང་ཞིང་དམངས་སྲོལ་གྱིས་ཕྱུག་པའི་གྲོང་ཚོ་ཞིག་རེད། 

གྲོང་ཚོ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་ལ་མུའུ་ཁྲི27.26དང་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ཟིན་པ་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5དང་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1100ཟིན་པས་མཐོ་སྒང་གི་འབྲོག་ལས་ཕྱེད་ཙམ་གྱི་རི་ཁུལ་ལ་གཏོགས། ཐུན་མོང་མ་ཡིན་པའི་གནས་ཡུལ་དང་རང་བྱུང་ཆ་རྐྱེན་གྱིས་བེ་ཤ་སྐྱེ་བར་ཁོར་ཡུག་བཟང་པོ་ཞིག་སྐྲུན་པ་རེད། 

3.jpg

 གནའ་ནས་ད་བར་དུ་རྒྱལ་བདེ་གྲོང་ཚོས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ཐད་མཐོང་ཆེན་བྱས་ཏེ་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་བེ་ཤ་འཐུ་བ་དང་། གྲོང་ཚོ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་བེ་ཤ་ཐོན་ཚད་ཏུན300ལྷག་ཙམ་ཟིན་པས་ས་གནས་དེ་གའི་དཔལ་འབྱོར་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར།

4.jpg

 རྒྱལ་བདེ་བེ་ཤ་དུས་ཆེན་བརྒྱུད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་གང་ལེགས་དང་། བེ་ཤ་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་གྲོང་མིའི་ཡོང་འབབ་འཕར་བའི་ཐད་ལའང་སྐུལ་འདེད་བྱས། ད་དུང“བེ་ཤ”སྨྱན་སྦྱོར་དུ་བྱས་ཏེ་མི་མང་པོ་རྒྱལ་བདེ་གྲོང་ཚོར་སླེབས་ཏེ་གངས་རི་དང་སྤང་ལྗོངས། མཚེའུ་ཡི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་ཏུ་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་སོགས་ལ་རོལ་མྱོང་བྱེད་མཁན་ཇེ་མང་དུ་སོང་ཡོད་པས། རྒྱལ་བདེ་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་སྐུལ་འདེད་བཏང་བ་རེད། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།