བདེ་ཆེན་ཡུལ་དུ་སིལ་ཏོག་སྣ་མང་སྨིན་འགོ་བརྩམས་པ།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲས་རྣམས་སྟོན་ཀའི་དུས་སུ་སྨིན་ཞེས་པ་ལྟར།  ད་ནི་བདེ་ཆེན་གྱི་ཡུལ་ལུང་སོ་སོར་འབྲས་བུ་སྨིན་པའི་དུས་ལ་བབས་ཤིང་།   ཀོང་ཇོ་རྩེད་སའི་ར་བར་མིང་ཐོགས་པའི་ཀོང་རྩེད་ར་གྲོང་རྡལ་ནི་བདེ་ཆེན་ཡུལ་གྱི་ས་བབ་དམའ་ཤོས་ཤིག་ཡིན་པའི་ཆ་ནས།  ཡུལ་འདིར་སིལ་ཏོག་སྣ་ཚོགས་སྨིན་ས་ཞིག་ཡིན་ལ།   ལས་ལ་བརྩོན་པའི་སྐྱེས་མ་བཀྲ་ཤིས་གཡང་འཛོམས་ཀྱིས་ཞིང་ནང་ན་རྒུན་འབྲུམ་བཏོག་པའི་ལས་ལ་བྲེལ་བཞིན་ཡོད།  རྣང་ཞིང་གྲུ་བཞིའི་གཡས་གཡོན་དུ་ཞིམ་མངར་ལྡན་པའི་སིལ་ཏོག་གི་བྲོ་བས་ཡོངས་སུ་ཁྱབ་པ་དང་།   རྒུན་འབྲུམ་དང་ལི།   ཆུ་ཀུབ་སོགས་སྔ་ཕྱིར་སྨིན་ལ་གཞུང་ལམ་གྱི་གཡས་གཡོན་ན་སིལ་ཏོག་འཚོང་མཁན་གྱི་སྡེ་མི་གྲལ་བསྒྲིགས་ལ།  ཉོ་མཁན་རྣམས་ཀྱིས་ཀྱང་རྫས་ཀྱི་ལྷད་མ་འདྲེས་པའི་སིལ་ཏོག་ཉོས་ནས་ཁྱིམ་ལ་འཁྱེར་བཞིན་འདུག

33.jpg

གཞན་ཡང་འབའ་ལུང་མཐའ་ཆུ་གྲོང་རྡལ་གྱི་ཁྲོན་ཏ་གྲོང་ཚོའི་ཞིང་འགྲམ་དང་།    ལམ་འགྲམ་གྱི་གཡས་གཡོན་ཀུན་དུ་ཡེར་སྡོང་སྟར་ཕྲེང་བསྒྲིགས་པའི་རྩེ་ལ་ཡེར་མ་རྣམས་ཀྱང་འབྲས་བུ་སྨིན་པའི་དུས་ལ་ཐོན་པ་དང་།  གྲོང་མི་ཚོས་ཡེར་མ་བཏོག་ནས་སྐམ་ཚར་རྗེས་ཡེར་མ་མངག་ཉོ་བྱེད་མཁན་གྱི་ཚོང་པ་རྣམས་ལ་འཚོང་ནས་ཡོང་སྒོ་ལྷག་མ་ཞིག་བཙལ་བཞིན་ཡོད།         འབའ་ལུང་རྫོང་པའོ་ཧེ་གྲོང་རྡལ་ལན་ཡུང་གྲོང་ཚོ་ནི་མཚོ་ངོས་ལས་སྨི2400ཡོད་པའི་ས་ངོས་སུ་ཆགས་ཡོད་ཅིང་།  ཉེ་ཆར་གྲོང་ཚོ་འདིའི་ཁམ་བུ་ཡོངས་སུ་སྨིན་ཡོད་པས།   མི་རྣམས་ཀྱིས་མཐོ་སྒང་ནས་ཐོན་པའི་སིལ་ཏོག་ཞིམ་པོ་འདི་ཉམས་སུ་མྱོང་ཆོག་པ་རེད།   

22.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།