ཡུན་ནན་གྱི་སྤྲེའུ་སྤུ་སེར་གནས་སའི་ས་ཁོངས་ཡོངས་ལ་སྲུང་སྐྱོང་དྲ་བ་བཙུགས་པ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་15ཉིན།ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སོགས་ལས་ཁུངས་13གྱིས་མཉམ་དུ་སྤེལ་བའི་ཡུན་ནན་གྱི་སྤྲེའུ་སྤུ་སེར་གནས་སའི་ས་ཁོངས་ཡོངས་ལ་སྲུང་སྐྱོང་བྱེད་པའི་དྲ་རྒྱ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བཙུགས་པ་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སི་ཡི་སྐོར་གཟིགས་པ་ཅ་ཅན་ཧྲེང་དང་། ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་ཝེ་པིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

       ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་གྱི་སྤྲེའུ་སྤུ་སེར་གནས་སའི་ས་ཁོངས་ཡོངས་ལ་སྲུང་སྐྱོང་དྲ་བ་འཛུགས་པའི་དམིགས་ཡུལ་ནི་སྲུང་སྐྱོབ་སྔོན་ལ་བྱེད་པ་དང་། རྒྱུན་མཐུད་བེད་སྤྱོད། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་མཉམ་ལས་སྟེགས་བུ་བཙུགས་ནས་ཕྱོགས་ཁག་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ས་ཁོངས་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་སོང་ནས་ཡུན་ནན་གྱི་སྤྲེའུ་སྤུ་སེར་ནི་ཀྲུང་གོའི་ཐོག་མའི་སྐྱེ་དངོས་སྣ་རིགས་སྲུང་སྐྱོང་གི་དཔེ་མཚོན་དུ་འགྱུར་བ་དང་ཡུན་ནན་གྱི་སྤྲེའུ་སྤུ་སེར་སྲུང་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད།

ཡུན་ནན་གྱི་སྤྲེའུ་སྤུ་སེར་འཚོལ་བའི་གཏམ་རྒྱུད་བརྗོད་པ་དང་།མ་འོངས་པའི་མདུན་ལྗོངས་སྐོར་ལ་གྲོས་བསྡུར་བྱེད་པ།

ས་ཁོངས་ཡོངས་ཀྱི་དྲ་རྒྱའི་ཁོངས་མིའི་ལས་ཁུངས་དག་ལ་འགེལ་བྱང་གནང་བ།

          ཚོགས་འདུའི་བར་སྐབས་སུ་སྲུང་སྐྱོང་དྲ་རྒྱའི་རིགས་གཅིག་མཁས་ཅན་ལ་གདན་ཞུའི་ཡི་གེ་སྤྲད་པ་དང་། ཡུན་ནན་གྱི་སྤྲེའུ་སྤུ་སེར་སྲུང་སྐྱོང་རིགས་གཅིག་མཁས་ཅན་གྱིས་ཡུན་ནན་གྱི་སྤྲེའུ་སྤུ་སེར་འཚོལ་བའི་གཏམ་རྒྱུད་བརྗོད་པ་མ་ཟད། ཡུན་ནན་གྱི་སྤྲེའུ་སྤུ་སེར་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་དང་།   མ་འོངས་པའི་མདུན་ལྗོངས་སྐོར་ལ་གྲོས་བསྡུར་བྱས་པ་རེད། སྲུང་སྐྱོང་རྣམ་གྲངས་ཁག་གཅིག་གི་གནས་ཚུལ་ངོ་སྤྲོད་བྱས་ནས། ཡུན་ནན་གྱི་སྤྲེའུ་སྤུ་སེར་3000+གྲངས་ཉུང་དངུལ་བུན་གཏོང་བའི་རོགས་དངུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད།   

རེས་མེས་ལས་འགན་འཁུར་བའི་ཀྲུའུ་ཞི་ལ་དར་ཆ་སྤྲོད་པ།

ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།

       

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།