ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་གྱི་ཕྱི་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འཆམ་བྱུང་བ་རེད། 

ཀུའུ་ཁུན་གྱིས་གསུང་བཤད་གནང་བཞིན་པ།

ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་ཚོགས་འདུར་ཞུགས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྲོག་ཤིང་ལ་བརྩི་བཀུར་བྱས་ནས་བློ་ཁ་པེ་ཅིན་དུ་ཁ་གཏད་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་2019ལོའི་ཐག་གཅོད་དམག་འཐབ་ལོའི་རྩ་བའི་རང་བཞིན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ།

ཆི་ཅན་ཞིན་དང་། ཡུས་ཧྲེང་ཞང་། ཀྲང་ཝེ་ཏུང་། ཞུས་དབྱང་། ཏུའུ་ཡུང་ཁྲུན་བཅས་ཚོགས་འདུར་ཞུགས། 

ཐེངས་འདིའི་ཚོགས་ཆེན་ཐོག་འཐུས་མི་248ཕེབས་དགོས། ཚོགས་འདུར་ཞུགས་པའི་འཐུས་མི་202ཡོད་པས་གཏན་འབེབས་དང་མཐུན་པ་རེད། 
       ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀུའུ་ཁུན་དང་། ཝང་ཡུན་སུང་། ཕུའུ་ལུའུ་ཧྭ། ཁྲེན་ཅུན་མིང་། ཤའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན། ཕུའུ་ཅང་། ཧུའུ་ཀྲི་ཞང་། ཨ་ཀྲུང་། ཡུས་ཅིན་ཆོན་བཅས་ཡིན། ཀུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

ཀུའུ་ཁུན་གྱིས་གསར་དུ་བདམས་ཐོན་བྱུང་བའི་མི་སྣར་ལག་ཁྱེར་སྤྲོད་པ།

ལི་ཡན་ལན་དང་། བཀྲ་ཤིས་དོན་གྲུབ། ལིའུ་རུང་། དབྱང་ཙེ་ཅང་། མེའོ་ཡིའུ་ཧྥ། ཀའོ་གོ་ཁྲེང་། ཞུས་ཕེང་ཧྲེང་། ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་དབྱི། ཧོ་ལི་ཕིང་། ཁྲེང་ཕེང་། ཀྲང་ཁྲུན་ཙེ། སྐལ་བཟང་རྣམ་རྒྱལ། ཀྲོའུ་དབྱིང་ཧྲུའུ། ཝང་ཁའེ་ཧྲི་སོགས་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 
《བདེ་ཆེན་ཁུལ་རིམ་པ་ཁག་གི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་རིམ་ ཁག་དང་ས་གནས་མི་དམངས་སྲིད་གཞུང་རིམ་ཁག་གི་འཛུགས་ཁྲིམས་》ཀྱི་གཏན་འབེབས་གཞིར་བཟུང་། ཚོགས་འདུའི་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུའི་གཏན་འབེབས་བྱས་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ལུགས་དང་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལས་དོན་ཨུ་ཡོན་ལྷན་ཁང་བཅས་མེད་པར་བཟོས་ཡོད།

འཐུས་མི་རྣམས་ཀྱིས་ལག་པ་བཀྱག་ནས་གྲོས་ཐག་གཅོད་པ།

ཚོགས་ཐོག་ནས་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། ཕེང་ཝུན་ཧྭ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཁྲེང་ཀྲི་ཤིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཧོ་ཡུས་ཝུན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཧོ་ཅིན་ཧུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། དབྱང་དབན་ཧྲེང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པ་རེད། 
ཀུའུ་ཁུན་གྱིས་གསར་དུ་བདམས་ཐོན་བྱུང་བའི་མི་སྣར་ལག་ཁྱེར་སྤྲད་པ་རེད། 
        ཀུའུ་ཁུན་གྱིས་ཁུལ་ཨུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ནས་ཚོགས་ཆེན་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ། འཐུས་མི་དང་ཚོགས་ཞུགས་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ཀུའུ་ཁུན་གྱིས་ཐེངས་འདིའི་ཚོགས་འདུ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྲོག་ཤིང་སྲུང་སྐྱོང་། ཐུན་མོང་ཐོག་འཕེལ་རྒྱས་ཇུས་འགོད། མཐུན་སྒྲིལ་དོན་གཉེར་བཅས་བྱས་ནས་གསར་འབྱེད་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁག་ནང་འཐུས་མི་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་མཚོན་ཡོད། ཚོགས་འདུའི་ཐོག་ཐོབ་པའི་གྲུབ་འབྲས་ཀྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་བདེ་ཆེན་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དེ་བས་རང་འགུལ་ངང་ཞུགས་རྒྱུར་སྐུལ་སློང་གཏོང་རྒྱུ་ཡིན་ཞེས་བསྟན། 
       ཀུའུ་ཁུན་གྱིས་2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་འགག་རྩའི་ལོ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྩ་བའི་རང་བཞིན་གྱི་རྒྱལ་ཁ་ལེན་དགོས། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་། གྲ་སྒྲིག་ཞིབ་ཚགས། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བཅས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་ནས། ཐེངས་འདིའི་བྱེད་སྒོའི་དམིགས་ཚད་དང་། ལས་འགན། བླང་བྱ་བཅས་སྟངས་འཛིན་ནན་ཏན་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། “སྲོག་ཤིང་ལ་བརྩི་བཀུར་བྱས་ནས་བློ་ཁ་པེ་ཅིན་དུ་ཁ་གཏད”ཞེས་པ་ཁྱོན་ཡོངས་ནས་སྐད་ཅོར་བརྒྱབ་ནས་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོའི་རྩ་བའི་རང་བཞིན་གྱི་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱས་ནས་བོད་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། འབའ་ལུང་རྫོང་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱས་ཏེ་ཤང་གྲོང་ཁྱེར་དང་འཇོལ་རྫོང་གིས་ཀྲུང་དབྱང་གི་དབུལ་སྒྲོལ་ཞིབ་བཤེར་རྩིས་ལེན་དང་ཞིབ་བཤེར་རྩིས་ལེན་བྱེད་རྒྱུར་བསུ་བ་ཞུས་ནས་གྲོང་གསེབ་དར་རྒྱས་སོགས་འགག་རྩའི་རང་བཞིན་གྱི་དམག་འཐབ་ཁག་སྤེལ་འགོ་འཛུགས་དགོས། ཁུལ་ཡོངས་ཀྱི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁ་བརྩོན་ལེན་གྱི་རྨང་རྡོ་བརྟན་དུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས་“བོད་ཁུལ་མཛེས་ཤོས”བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་གི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བདེ་ཆེན་བོད་རིགས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། 2019ལོའི་ཐག་གཅོད་དམག་འཐབ་ལོའི་རྩ་བའི་རང་བཞིན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད། 
       ཚོགས་འདུ་གྲོལ་རྗེས།གསར་དུ་བདམས་ཐོན་བྱུང་བའི་མི་སྣས་ད་དུང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་རྩ་ཁྲིམས་ལ་ཐུན་མོང་ཐོག་དམ་བཅའ་འཇོག་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།