ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་ལས་ཀ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་5པའི་ཚེས་20ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་བརྙན་འཕྲིན་ཚོགས་འདུ་འཚོགས་ཏེ་དུས་བབ་གསལ་རྟོགས་སྔར་ལས་ལྷག་པར་བྱེད་པ་དང་། གནད་དོན་བཅོས་སྒྲིག་བྱས་ནས་ཞན་ཆ་གསབ་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཚོགས་འདུའི་ཐོག་ཞིང་ཆེན་དང་ཁུལ་དབུལ་ཐར་འགག་སྒྲོལ་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཉེ་ལམ་དབུལ་སྒྲོལ་ལྟ་ཞིབ་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཟླ་4པའི་ཚེས་30ཉིན། ཞིང་ཆེན་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབུལ་ཐར་གྱི་ཚད་གཞིར་སླེབས་པར་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁའི་ངང་དབུལ་ཕོངས་ཀྱི་རིམ་པ་ནས་ཕྱིར་འཐེན་བྱས་པ་རེད། གྲུབ་འབྲས་ཐོབ་པ་ལས་སླ་མོ་མིན་མོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། དབུལ་སྒྲོལ་གྱི་རྣམ་པ་མི་ལྷོད་པ་དང་། ཚད་གཞི་མི་ཆག་པ།  འགན་འཁྲི་ཇེ་ཡང་དུ་མི་གཏོང་བ། སྟོབས་ཤུགས་མི་ཡལ་བ་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་རྒྱལ་ཁབ་ཀྱི་རྒྱུགས་ལེན་ལ་གདོང་མཆོང་བྱེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དབུལ་སྒྲོལ་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གནད་དོན་ལ་དམ་པོར་དམིགས་ཏེ་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་བྱ་དགོས། ཡུན་ནན་ཞིང་ཆེན་གྱི《དབུལ་ཕོངས་ཕྱིར་འཐེན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ལ་སློབ་སྦྱོང་ནན་ཏན་བྱས་ནས་དབུལ་ཕོངས་ཕྱིར་འཐེན་གྱི་ཚད་གཞི་གསར་པ་དང་གོ་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོ་ཆུང་གིས་མཐོང་བའི་གནད་དོན་ལ་དམིགས་པ་དང་ཁུལ་རིམ་པའི་ལེགས་སྒྲིག་གི་གནད་དོན་དག་ཐེར་གྱི་རྩིས་ཐོ་ལྟར་རེ་རེ་བཞིན་ཁོང་དུ་ཆུད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས། སྡེ་ཚན་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་མ་དངུལ་གཏོང་ཕྱོགས་ལ་ལྟ་སྐུལ་དོ་དམ་དང་ལྟ་སྐུལ་ཚོད་འཛིན་ཡག་པོ་བྱས་ནས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་། ལེགས་སྒྲིག དོ་དམ་ཡག་པོ་བྱས་ནས་འགན་འཁྲི་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་ཚོ་ཁག་གི་རྒྱུན་ཨུ་དང་། ལས་བྱེད་པས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་གནས་བརྟན་སྲུང་བྱེད་དགོས་པ་དང་རང་རང་སོ་སོའི་འགན་འཁྲི་ཡག་པོ་བསྒྲུབ་ནས་གྲོང་ཁྱེར་གྱི་སྒྲིག་ཁྲིམས་དང་ལྟ་ཞིབ་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སོགས་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་རིམ་པ་ཁག་གི་འགན་འཁྲི་སྔར་བས་ནན་ཏན་དུ་གཏོང་དགོས།        

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།