བདེ་ཆེན་ཁུལ་གྱིས་མཐོ་རྒྱུགས་ལས་ཀ་གྲ་སྒྲིག་ཡག་པོ་བྱས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་5པའི་ཚེས་20ཉིན།  2019ལོའི་བདེ་ཆེན་ཁུལ་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་སྔོན་འགྲོའི་ལས་ཀའི་སྙན་ཞུ་ཚོགས་འདུ་འཚོགས།  ཚོགས་འདུའི་ཐོག་བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་འགན་ཁུར་མི་སྣ་དང་རྒྱུགས་ལེན་བརྡ་སྤྲོད་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཁག་གིས་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་དང་སྤེལ་ཉེ་བའི་ལས་ཀའི་གནས་ཚུལ་སྐོར་སྙན་སེང་ཞུ་བ་རེད།

2019ལོར་རང་ཁུལ་དུ་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་མིང་ཐོ་འགོད་པའི་སློབ་མ་2296ཡོད་པ་དང་2018ལོ་དང་མཉམ།   དེའི་ཁྲོད་དུ་མཐོ་འབྲིང་དཀྱུས་མའི་སློབ་མ་2206དང་སློབ་གྲྭ་གསུམ་གྱི་སློབ་མ་90ཚུད།  ཁུལ་ཡོངས་སུ་རྒྱུགས་ཁུལ་1དང་རྒྱུགས་སྤྲོད་ས་ཚིགས་2ཏེ།  ཁུལ་མི་རིགས་སློབ་འབྲིང་གི་རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ར་45དང་།  བདེ་ཆེན་སེམས་ཀྱི་ཉི་ཟླའི་མཐོ་རིམ་སློབ་འབྲིང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རྒྱུགས་ར་29དང་སློབ་གྲྭ་གསུམ་གྱི་སློབ་མའི་རྒྱུགས་ར་3་བཅས་རྒྱུགས་ར་77བཀོད་སྒྲིག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།