“ལྔ་གཅིག”གུང་གསེང་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི40སྣེ་ལེན་བྱས།

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5པའི་ཚེས4ཉིན་གྱི་ཚུན་དུ། བདེ་ཆེན་ཁུལ་གྱིས“ལྔ་གཅིག”གུང་གསེང་རིང་བསྡོམས་པས་ཡུལ་སྐོར་བ་མི་ཐེངས407371(དེའི་ཁྲོད་ཞག་སྡོད་བྱེད་པའི་ཡུལ་སྐོར་བ་མི་ཐེངས182208དང་། ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས225163ཡོད)སྣེ་ལེན་བྱས་ཤིང་། དུས་མཉམ་ལས2.38%འཕར་སྣོན་བྱུང་ལ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི24795.32མངོན་འགྱུར་བྱུང་བ་དང་།དུས་མཉམ་ལས1.87%འཕར་སྣོན་བྱུང་ཡོད།  ཡུལ་སྐོར་བ་ཕྱིར་སྐྱོད་པར་ཡར་འཕར་གྱི་རྣམ་པ་མངོན་ཡོད་ལ། སེམས་ཀྱི་ཉི་ཟླ་ནས་བདེ་ཆེན་བར་གྱི་ཡུལ་སྐོར་ལམ་ཐིག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ།

4.jpg

5.jpg

7.jpg

6.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།