ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་ས་གནས་ཐོན་རྫས་ཐད་ཤུགས་རྒྱག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c722769f-b097-4fcd-b8c0-a439eac4aed2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་གནོད་མེད་ཞིང་ལས་ཐོན་རྫས་དང་ལྗང་མདོག་ཟས་རིགས། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཡོད་པའི་ཐོན་རྫས་རིགས་གསུམ་དང་མཚོན་རྟགས་གཅིག་གི་ཐོན་རྫས་བཟོ་བར་ཤུགས་སྣོན་བྱེད་བཞིན་ཡོད་ལ། ད་སྔའི་བར་བསྡོམས་པས་ཐོན་རྫས་རིགས63ལ་ཆོག་མཆན་ཐོབ་ཡོད་དེ། ཐོན་རྫས་ཀྱི་ཁྲོམ་རའི་སྒོ་ཆེན་ཕྱེས་པའི་དུས་མཚུངས་སུ་ཁུལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་སྤེལ་དང་། མང་ཚོགས་ལ་སྔར་ལས་ལྷག་པའི་ཡོང་འབབ་མཐོ་བའི་ཕྱུག་འགྱུར་མངོན་འགྱུར་བྱུང་བར་རོགས་འདེགས་བྱས་ཡོད། ཐོན་རྫས་རིགས་གསུམ་དང་མཚོན་རྟགས་གཅིག་ཅེས་པ་འདི་ཡང་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་བདེ་འཇགས་སྤུས་དག་གི་ཞིང་ལས་ཐོན་རྫས་ཀྱི་སྤྱིའི་ཟོང་རྟགས་ཤིག་ཡིན་པ་རེད། 

ད་སྔའི་བར་བདེ་ཆེན་ཁུལ་གྱི་ཐོན་རྫས་རིགས་གསུམ་དང་མཚོན་རྟགས་གཅིག་གི་ཚད་གཞི་ལོན་པའི་ཐོན་རྫས་བསྡོམས་པས63ཡོད་ལ། དེའི་ཁྲོད་གནོད་མེད་ཞིང་ལས་ཐོན་རྫས་ཀྱི་ཚད་གཞི་ལོན་ཡོད་པའི་ཁེ་ལས11དང་ཐོན་རྫས53ཡོད་ལ། ལྗང་མདོག་ཐོན་རྫས་ཀྱི་ཚད་གཞི་ལོན་པའི་ཁེ་ལས3དང་ཐོན་རྫས53ཡོད། སྐྱེ་ལྡན་ཐོན་རྫས་ཀྱི་ཚད་གཞི་ལོན་པའི་ཁེ་ལས6དང་ཐོན་རྫས14བཅས་ཡོད་པ་རེད། ས་ཁམས་ཀྱི་མཚོན་རྟགས་ཡོད་པའི་ཐོན་རྫས6ཐོ་འགོད་བྱས་ཡོད།

ཐོན་རྫས་རིགས་གསུམ་དང་མཚོན་རྟགས་གཅིག་ཅན་གྱི་ཐོན་རྫས་ཡག་པོ་བཟོ་བར་བདེ་ཆེན་ཁུལ་གྱིས་ཕྱོགས་འགའི་ལས་ཀ་དམ་འཛིན་བྱས་ཡོད། གཅིག་ནི་དྲིལ་སྒྲོག་གནས་སྟོན་ལ་ཤུགས་སྣོན་རྒྱག་པ། གཉིས་ནི་གསོ་སྦྱོང་བྱེད་ཚད་ལ་ཤུགས་སྣོན་རྒྱག་པ། གསུམ་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་གྱི་ཁུངས་འདེད་བྱེད་རྒྱུ་ཡོད་པའི་མ་ལག་ཁྱབ་གདལ་ཐུབ་པ་བྱ་དགོས་པ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།