ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་དབུལ་སྐྱོར་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2019ལོའི་ཐོན་ལས་དབུལ་སྐྱོར་ཚོགས་ཆེན་བསྡུས་པ་དང་། གྲོས་ཚོགས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་དབུལ་སྐྱོར་གྱི་སྔོན་ཐོན་ལས་ཁུངས་དང་། ཕུལ་བྱུང་ཁེ་ལས། སྔོན་ཐོན་ཞིང་བའི་ཆེད་ལས་མཉམ་འབྲེལ་ཁང27ལ་བྱ་དགའ་གནང་བ་མ་ཟད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི2019ལོའི་ཐོན་ལས་དབུལ་སྐྱོར་གྱི་གཙོ་གནད་ཁེ་ལས28ལ་མིང་བྱང་མཛད་པ་རེད།                               

རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཚོགས་ཐོག་སན་པ་ཤང་ཏང་ཨུའི་སྲིད་གཞུང་དང་། ཀྲུང་གོའི་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་བདེ་ཆེན་ཡན་ལག་དངུལ་ཁང་སོགས་ཤང་དང་གྲོང་རྡལ5དང་། དངུལ་ཁང4ལ་ཐོན་ལས་དབུལ་སྐྱོར་ལས་ཀའི་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་གནང་བ་དང་། ཡུན་ནན་ཅིན་ཀྲུའུ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཀུང་སི་སོགས་ཁེ་ལས10ལ་ཐོན་ལས་དབུལ་སྐྱོར་ལས་ཀའི་སྔོན་ཐོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཚན་སྙན་གནང་བ་རེད།

དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀུའེ་ཨོ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས28ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར2019ལོའི་ཐོན་ལས་དབུལ་སྐྱོར་གཙོ་གནད་ཁེ་ལས་ལ་གཏན་ཁེལ་བྱས་པ་མ་ཟད། མིང་བྱང་སྤྲད་པ་རེད། གོམ་སྟབས་རྗེས་མར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ལ་ཐོན་ལས་གཉེར་བ་དང་ཐོན་ལས་དམ་འཛིན། ཐོན་ལས་ལ་སྐུལ་འདེད་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་བཅུག་ནས། ཐོན་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་རྒྱུ་རེད། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།