ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

79c9cf12-3da6-47fb-831d-4c3f35dfbc99.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་འཇོལ་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཚའེ་ཧྭ་དང་ཡུན་ནན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཀྲུ་ནུང་གཉིས་ཀྱིས་འཇོལ་རྫོང་ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་ཞེས་པའི་རྒྱ་བོད་དབྱིན་གསུམ་གྱི་ཡིག་ཆེན་བཀོད་ཡོད་པའི་སྒོ་བྱང་དེ་ཞིབ་འཇུག་ལྟེ་གནས་ལ་གནང་ཞིང་། འཇོལ་རྫོང་གི་ཁྱད་ཆོས་དམིགས་སུ་ཐོན་པའི་ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་དངོས་སུ་དབུ་བརྙེས་པ་རེད།

དེའི་དམིགས་ཡུལ་ནི་འཇོལ་རྫོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བཏོན་པའི་ལོ་ལྔའི་འཆར་གཞི་ལེགས་པོ་སྒྲུབ་པ་དང་། དེ་མིན་ཁ་བ་དཀར་པོའི་གཏམ་རྒྱུད་ཡག་པོ་གླེང་བ། ཁ་བ་དཀར་པོའི་ཟོང་རྟགས་ཀྱི་སྙིང་སྟོབས་བཅས་ལ་དམིགས་ནས། འཇོལ་རྫོང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ཞིབ་འཇུག རྒྱུན་འཛིན། འཕེལ་རྒྱས། དྲིལ་བསྒྲགས་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བྱས་ཏེ། སྔར་བ་ལས་ལྷག་པར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཇོལ་རྫོང་གི་རིག་གནས་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།