ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས“རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་ཁུལ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་གཞིའི་རྣམ་གྲངས་ལག་བསྟར་བྱེད་རྒྱུའི་རེ་ཞུ་ཧུར་ཐག་སྒོས་བཏོན་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱས་ཏེ། ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས“རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་ཁུལ”འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བཏང་།

བདེ་ཆེན་ཁུལ་གྱིས་བདེ་ཆེན་རྫོང་དང་།  འབའ་ལུང་རྫོང་དུ་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་གཞིའི་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་བསྡུས།  ཁུལ་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་གཞིའི་རྣམ་གྲངས་ཀྱི་གཞི་རྩའི་གནས་ཚུལ་དང་།  ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་དོན་སྤེལ་པའི་གནས་ཚུལ་དང་དེར་གནས་པའི་གནད་དོན། ད་དུང་ཕྱོགས་ཡོངས་ནས་རྣམ་གྲངས་ལག་བསྟར་བྱེད་པར་མཁོ་བའི་ས་ཆ་མཐུན་སྦྱོར་དང་། ལག་རྩལ་ཚད་ལྡན། ཚད་ལྡན་མིན་པའི་གད་སྙིགས་སྤུང་ས་རྩད་ཞིབ་དང་ལེགས་སྒྲིག། གད་སྙིགས་འཚོལ་སྡུད་དང་གནོད་མེད་ཅན་དུ་བསྒྱུར་བ། ཞིབ་བཤེར་རྩིས་ལེན་བཅས་ཀྱི་ལས་དོན་བཀོད་སྒྲིག་ལེགས་པོ་བྱེད་པར་བརྡ་ཁྱབ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།  བདེ་ཆེན་ཁུལ་གྱི་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་གཞིའི་རྣམ་གྲངས་ནི་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུའུ་ཡིས་སྣེ་ཁྲིད་བྱས་པ་དང་། ཡིག་ཐོག་སྙན་ཞུ་འབུལ་རྒྱུ་དང་། ཐོག་མའི་ལས་ཀ།  མ་དངུལ་སྒོར་ཁྲི8740དོན་འཁྱོལ་ཡོང་བ་བཅས་ལེགས་གྲུབ་ཟིན། མིག་སྔར། སྒྲིག་ཆས་ཉོ་སྒྲུབ་ཀྱི་འོས་སྐུལ་བྱ་བ་དང་ལས་དོན་ལ་མཁོ་བའི་ས་ཆ་མཐུན་སྦྱོར་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། རྣམ་གྲངས་ལག་བསྟར་བྱས་པ་དེ་ཁུལ་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ལས་གཞིའི་རྣམ་གྲངས་ལག་བསྟར་བྱས་མེད་པའི་ཤང་དང་གྲོང་རྡལ23གྱི་ཞིང་སྡེའི་ས་ཁོངས་སུ་ཁྱབ་དུ་བཅུག་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་སྡེའི་འཚོ་བའི་གད་སྙིགས་ནུས་ལྡན་ཐག་གཅོད་བྱས་ནས་མི་འཚོ་སྡོད་ཀྱི་ཁོར་ཡུག་མཐོར་འདེགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།