བདེ་ཆེན་ཁུལ་ཨུའི་གཞུང་ལས་ཁང་གིས་ཡིག་ཆ་བཀྲམས་ནས་ནན་ཏན་གྱིས2018ལོར་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་ལས་ཀ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་གཞུང་ལས་ཁང་གིས་ཡིག་ཆ་བཀྲམས་ནས་ནན་ཏན་གྱིས2018ལོར་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་ལས་ཀ་ཡག་པོ་སྒྲུབ་པ་དང་།ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་གོ་རིམ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

   ཉེ་བའི་ལོ་འགའི་རིང་།རིམ་པ་ཁག་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུའི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་སྐོར་གྱི་ཡིག་ཆའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་།ནན་ཏན་གྱིས་མི་དམངས་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་གནད་ཆེའི་ཏང་གི་ཚགས་པར་དང་དུས་དེབ་དང་།ཡུན་ནན་ཉིན་རེའི་ཚགས་པར་སོགས་ཞིང་ཨུའི་གནད་ཆེའི་ཏང་གི་ཚགས་པར་དང་དུས་དེབ།བདེ་ཆེན་ཉིན་རེའི་ཚགས་པར་སོགས་ཁུལ་ཨུའི་གནད་ཆེའི་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་ལས་ཀ་ཡག་པོ་བསྒྲུབས་པ།སྔར་ལས་ལྷག་པར་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་གོ་རིམ་ཚད་ལྡན་ཅན་དུ་གཏོང་བ།ཚགས་པར་དང་དུས་དེབ་སྒྲིག་འགལ་གྱིས་འགྲེམས་སྤེལ་གཏོང་བར་བདག་སྐྱོང་དང་ལེགས་སྒྲིག་བྱས་ནས།ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་ལས་ཀ་ལ་སྤྱི་ཡོངས་ནས་བརྟན་བརླིང་དང་གོ་རིམ་ལྡན་པ་རེད།

བརྡ་ཁྱབ་ཀྱིས་བསྟན་དོན།རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ནན་པོའི་ངང་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་འགན་འཁྲིའི་འདུ་ཤེས་མཐོ་རུ་བཏང་ནས།ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་གནད་ཆེའི་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བ་ནི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་གྱུར་ནས་ཡག་པོ་བསྒྲབས་པ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས།ཏང་ཨུའི་འབྲེལ་ཡོད་འགན་འཁུར་བས་བཀོད་སྒྲིག་བྱེད་པ་དང་དྲིལ་བསྒྲགས་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་པ།རྩ་འཛུགས་སྡེ་ཁག་གིས་ཤུགས་ཆེན་གྱིས་རོགས་སྐྱོར་བྱེད་པ།ཏང་ཨུའི་གཞུང་ལས་ཁང་གིས་ནན་པོའི་ངང་ལྟ་ཞིབ་དང་ཞིབ་བཤེར་བྱེད་པ།སྦྲག་སྲིད་སྡེ་ཁག་གིས་རོགས་འདེགས་དམ་ཟབ་བྱེད་པ་དང་།2018ལོ་འཁོར་ལ་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་གནད་ཆེའི་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་གཏོང་བའི་ལས་ཀ་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱེད་དགོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།