ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལས་གཞིའི35.67%ལེགས་འགྲུབ་བྱུང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 15-11-30-98-33731.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི2014ལོའི་ཟླ12པའི་ཚེས20ཉིན་ནས་བཟོ་འགོ་ཚུགས་པ་དང་། ད་ལོའི་ཟླ11པའི་ཚུན་དུ་སླེབས་པ་ན་བསྡོམས་པའི་དངུལ་འཇོག་སྒོར་དུང་ཕྱུར22.19ལེགས་གྲུབ་བྱུང་བ་རེད། སྔོན་རྩིས་ལྟར་བྱས་པ་ལྟར་ན་ལོ་མཇུག་ཏུ་གཏན་འཇགས་དངུལ་འཇོག་སྒོར་དུང་ཕྱུར23.45ལེགས་གྲུབ་བྱུང་བ་དང་ལས་གཞི་ཡོངས་ཀྱི་35.67%ལེགས་གྲུབ་བྱུང་རྒྱུ་རེད།

1461221846124.jpg

1439948853639327.jpg

མིག་སྔར། བསྡོམས་རྩིས་ལྟར་ན་ས་ཞིང་མུའུ5632བསྡུ་ལེན་བྱས་པ་དང་། དུད་ཚང118ཀྱི་ཁང་པ་བཤིག་སྤོ་བྱས་པ། ཁེ་ལས1སྤོས་བ། ས་ཞིང་བསྡུ་ལེན་བྱེད་རྒྱུའི་ཆིངས་ཡིག850འཇོག་པ་དང་།ས་ཞིང་བསྡུ་ལེན་བྱེད་པའི་གྲོན་དངུལ་སྒོར་དུང་ཕྱུར3སྤྲད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།