ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཡུན་ནན་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་དམིགས་འབེན་སྒོར་དུང་ཕྱུར1500ལས་བརྒལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

124411.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བཟའ་བཏུང་ངམ་ཟས་མཆོག་ལས་རིགས་མཐུན་ཚོགས་དང་། ཡུན་ནན་ཞིང་ཆེན་གནས་སྐོར་མགྲོན་ཁང་ལས་རིགས་མཐུན་ཚོགས་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རང་བཞིན་གྱི་གནས་སྐོར་སྐར་མ་རིམ་པའི་མགྲོན་ཁང་དང་། བཟའ་བཏུང་ཁེ་ལས་དང་ཚོང་ཁང་གྲགས་ཅན། ཁུལ་དང་གྲོང་ཁྱེར16ལྷག་གི་བཟའ་བཏུང་མཐུན་ཚོགས་སོགས་སྒྲིག་འཛུགས་བྱས་ཏེ“དུས་ཚིགས་བཞི་བར་མཐའ་མའི་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་། ཁྱོན་ཡོངས་ནས་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་ལོ་འཁོར་གཅིག་གི་འཕར་སྣོན་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བ”ཡི་ལས་དོན་ཚོགས་འདུ་བསྡུས།   རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཚོང་གཉེར་གྱི་དམིགས་འབེན་ཡོང་འབབ་སྒོར་དུང་ཕྱུར1500ལས་བརྒལ་རྒྱུནཡིན་པ་དང་། དེའི་ཁྲོད་བཟའ་བཏུང་ལས་རིགས་འཕར་སྣོན་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད2.7%ཟིན་པར་བརྩོན་ལེན་བྱ་རྒྱུ་རེད།  རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཞིབ་བཤེར་བྱས་པའི་གཞི་གྲངས་ལས་མཚོན་པ་ལྟར་ན། ཡུན་ནན་ཞིང་ཆེན2014ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི4714ཡོད། རགས་རྩིས་བརྒྱབ་པར་གཞིགས་ན། ད་ལོར་ཡུན་ནན་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་གསོལ་མགྲོན་ཁང་དུ་འགྲོ་བའི་འགྲོ་སྒོ་སྒོར3182ཙམ་རེད། 

གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་བཟའ་བཏུང་ལས་རིགས2015ལོ་ཁོ་ནར་ཚོང་གཉེར་དངུལ་གྲངས་སྒོར་དུང་ཕྱུར990ལས་བརྒལ་བ་དང་། ན་ནིང་ཞིང་ཆེན་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཁྲོད་བཟའ་བཏུང་ལས་རིགས་འཕར་སྣོན་རིན་ཐང་གི2.5%ཡས་མས་ཟིན་ཡོད།  དེའི་རྨང་གཞིའི་སྟེང2016ལོའི་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཚོང་གཉེར་དངུལ་གྲངས་ཀྱི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། “2016ལོའི་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཚོང་གཉེར་དངུལ་གྲངས་འཕེལ་རྒྱས་ཀྱི་དམིགས་འབེན་ནི་སྒོར་དུང་ཕྱུར1500ལས་བརྒལ་བ་དང་། འཕར་སྣོན་རིན་ཐང2.7%ལ་སླེབས་པར་བརྩོན་ལེན་བྱེད་པ་དང་།  དེ་དང་ཆབས་ཅིག་ཏུ་འཕར་སྣོན་མྱུར་ཚད་ཀྱང18.5%སླེབས་པ་བརྩོན་ལེན་བྱས།  2016ལོའི་དུས་ཚིགས་གསུམ་པའི་ཚུན་དུ་བཟའ་བཏུང་ལས་རིགས་ཚོང་གཉེར་དངུལ་གྲངས་འཕར་སྣོན་གྱི་འཕར་ཚད16.9%ཡས་མས་སུ་སླེབས་པ་དང་།  ལས་རིགས་མཐུན་ཚོགས་ཀྱི་རགས་རྩིས་བྱས་པ་ལྟར་ན། 2018ལོར་སླེབས་པ་ན་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་གི་སྤྱིའི་ཚོང་གཉེར་དངུལ་གྲངས་སྒོར་དུང་ཕྱུར3000ཙམ་ལ་སླེབས་ཤིང་། འདིའི་བཟའ་བཏུང་ལས་རིགས་དེ་ལོ་ངོ་གསུམ་ནས་བཞིའི་དུས་ཚོད་འགོར་ན་ཡུན་ནན་ཞིང་ཆེན་གྱི་གཞི་རྟེན་ཐོན་ལས་སུ་འགྱུར་བ་མཚོན་ཡོད།” ཡུན་ནན་ཞིང་ཆེན་བཟའ་བཏུང་ངམ་ཟས་མཆོག་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཨའེ་ཅོན་གྱིས2016ལོའི་དུས་ཚིགས་སྔ་མ་གསུམ་གྱི་ཡུན་ནན་བཟའ་བཏུང་ལས་རིགས་གཞི་གྲངས་དབྱེ་ཞིབ་བྱས་པ་བརྒྱུད། དེའི་ཁྲོད་ལག་རྗེས་ཆེས་ཆེ་བའི་བཟའ་བཏུང་གི་རིགས་ནི་སོ་སོར་རྒྱུད་འབྲེལ་བཟའ་བཏུང་ཁེ་ལས་དང་།  དེ་མིན1980ལོ་དང1990ལོའི་རྗེས་སུ་སྐྱེས་པའི་མི་ལ་དམིགས་པའི་དར་སྲོལ་ཆེ་བའི་བཟའ་བཏུང་། གཅིག་ཤོས་ནི་མང་ཚོགས་ཀྱི་བཟའ་བཏུང་གི་རིགས་བཅས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།