ཀྲུང་གོ་བོད་ཀྱི་དྲ་བ།

2015ལོར་བདེ་ཆེན་ཁུལ་གྱི་སློབ་གསོའི་ལས་དོན་བྱ་བའི་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2015ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་མ་ལག་གིས་དམངས་ཕན་སྲིད་ཇུས་བརྩོན་ལེན་བྱས་ཏེ་སློབ་གསོ་དོ་མཉམ་ལ་སྐུལ་འདེད་བྱས་པ་དང་དངོས་དོན་བྱེད་ཐབས་བཀོལ་ནས་ལག་བསྟར་བྱས་པས་སློབ་གསོའི་ལས་དོན་བྱ་བའི་ཐད་ལ་མངོན་གསལ་གྱི་ཕན་འབྲས་བླངས།

 2015ལོར་བདེ་ཆེན་ཁུལ་གྱིས་སློབ་སྔོན་སློབ་གསོ་ཤུགས་ཆེ་རུ་འཕེལ་རྒྱས་བཏང་བར་བརྟེན་ཁུལ་ཡོངས་ནས་སློབ་སྔོན་སློབ་གསོའི་འཛིན་གྲྭ61ལྷག་བསྡུས་པ་དང་བྱིས་གཉོར་ཁང་ན་བྱིས་པ7383ལྷག་ཡོད་ལ། ལོ3ནས་ལོ6བར་གྱི་བྱིས་པ་བྱིས་གཉོར་ཁང་དུ་སོང་ཚད62.21%སླེབས། དུས་མཚུངས་སུ་འབྲིང་རིམ་ལས་རིགས་སློབ་གསོ་ཇེ་ལེགས་སུ་བཏང་པ་དང་དམངས་བཙུགས་སློབ་གསོ་ཚད་ལྡན་དུ་བཏང་བ་ལ་བརྟེན་ཧུར་བརྩོན་སྒོས་ཡུན་རིང་གི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཏེ་མི་རིགས་སློབ་གསོ་ལ་ཤུགས་སྣོན་པའི་རྨང་གཞིའི་སྟེང་དམངས་ཕན་སྲིད་ཇུས་བརྩོན་ལེན་བྱས་ནས་འདྲ་མཉམ་སློབ་གསོ་ལ་སྐུལ་འདེད་བྱས། སློབ་མའི་བྱང་ཚད་ཇེ་མཐོར་གཏོང་བའི་ཞོར་དུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དམ་པོར་བཟུང་སྟེ་བསྟུད་མར་སློབ་གྲྭའི་ལུས་རྩལ་དང་འཕྲོད་བསྟེན། སྒྱུ་རྩལ་ཕྱོགས་ཀྱི་བྱ་བར་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས།  2015ལོར་ཁུལ་དེས་སློབ་གསོའི་ཆེད་དམིགས་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.9བརྩོན་ལེན་བྱས་ཡོད་ལ་སློབ་ཆུང་དང་སློབ་འབྲིང་གི་བདེ་འཇགས་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས16དང་སློབ་སྔོན་སློབ་གསོ་འཛུགས་སྐྲུན་གྱི་རྣམས་གྲངས97། གྲོང་གསེབ་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་གྲྭའི་འཐུང་ཆུ་དང་སློབ་མའི་འཐུང་ཆུ་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས32བཅས་ལ་བཀོལ། ལོ་ཧྲིལ་བོར་ཞིང་བ་གསོ་སྐྱོང་སྦྱོང་བརྡར་བྱས་པ་མི་ཐེངས31392ལ་སླེབས་ཡོད་པ་དང་གཞན་ད་དུང་མི568ཀྱི་དར་མའི་མཐར་ཕྱིན་སློབ་མའི་སློབ་གཉེར་བརྒྱུད་རིམ་དཔང་ཡིག་ལ་ཐོ་འགོད་དང་རྩད་ཞིབ་བྱ་བ་ལེགས་འགྲུབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།