ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེང་ཀོན་ཆུས་ཀྱིས“1+N”ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་དོན་འཁྱོལ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་ལྷ་ས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུཌ་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་གཙོ་བོར་དམིགས་ཏེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་འཕྲལ་མར་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་བགྲོ་གླེང་། ཚོགས་འདུར་སྤེལ་རེས། གསར་གཏོད་དོན་འཁྱོལ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་དང་ལག་བསྟར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། “1+N”ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་ཁྲེང་ཀོན་ཆུས་སུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

“1+N”ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་གིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་ལྷ་སའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཞིབ་ཕྲའི་དོན་དངོས་དང་མཐུན་ཞིང་། གོ་དོན་གཏིང་ཟབ་པ་དང་། བརྒྱུད་རིམ་ཆ་ཚང་བ། ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་ཞིག་ཡོད་པ་དེ་ནི་ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།

ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“1+N”ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་ཁྲོད་ནས་བདེན་འཚོལ་གསར་གཏོད་ཡོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀུན་བདེ་གླིང་སྲང་ལམ་ཏང་གི་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་ལ་ཞབས་འདེགས་ཞུ་བའི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་འཚོལ་ཞིབ་བྱས་ཏེ“འབྱོར་ཐོ་གཉིས་འགོད་དང་སྐར་གསོག་གཉིས”ཀྱི་བྱེད་ཐབས་ཐོག་ནས་བཅའ་སྡོད་བྱ་ཡུལ་ཚན་པའི་ལས་ཐོག་ཏང་ཡོན་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའི་ལས་ཁུངས་ཏང་ཀྲི་པུའུ་ཡིས་གཟའ་འཁོར་རེར“རྩ་འཛུགས་ལས་དོན་གྱི་སློབ་ཁང”དང“གཟའ་འཁོར་རེར་འཆད་ཁྲིད་རེ”བཀོད་སྒྲིག་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་པར་དཔེ་སྟོན་སྐུལ་འདེད་བཏང་བ། ཁྲེང་ཀོན་ཆུས་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཞབས་ཞུ་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“མངག་སྐྱེལ་བའི་ས་ཚིགས”བཙུགས་ནས་གཅིག་གྱུར་དོ་དམ་ཐུབ་པའི་ཏང་འཛུགས་སྐྱོང་གི་དོ་དམ་ལམ་ལུགས་རིམ་བཞིན་བཙུགས་པ། སློབ་གསོ་ལུས་རྩལ་ཅུས་ཏང་ཙུའུ་ཡིས་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་མུ་མཐུད་གཏིང་ཟབ་ཏུ་བཏང་བ། གཞུང་ཁོངས་ཁེ་ལས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་ཀུང་སིའི་ཇུས་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་སྔོན་ཚུད་ཞིབ་དཔྱད་ཀྱི་གནས་བབ་ལ་དམིགས་ཏེ་དོན་དག་གལ་ཆེན་གྱི“འཇུག་སྒོར”དམ་འཛིན་ཏན་ཏིག་བྱས་པ། ཁྲེང་ཀོན་ཆུས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྨན་པའི་ཀུན་སྤྱོད་དཔྱད་ཞིབ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ“ཏང་ཡོན་གྱིས་ཐོབ་ཐང་གསལ་སྟོན་དང་ཞབས་འདེགས་ཞུ་བར་བྱ་ཐབས་དངོས་འདོན་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ། ལས་བྱེད་པ་རྒན་གྲས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དུ་གཞི་རིམ་བཅོས་སྐྱོང་གི་དང་བླངས་ཞབས་འདེགས་ཞུས་པ་དང་སློབ་གྲྭར་བསྐྱོད་དེ“ལག་གདང་སྦྲེལ”ནས་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱེད་སྒོ་སྤེལ་བ། ཏང་འཛུགས་སྐྱོང་གིས་མང་ཚོཌ་ཚོགས་པའི་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་ཀྱིས་དུས་འགོའི་སློབ་སྦྱོང་ལག་བསྟར་གྱི་རྨང་གཞིའི་ཐོག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“1+N”ཡི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་དང་འཆར་ཟིན་བཀོད་དེ“1+N”ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་དང་མ་ལག་ཁྲེང་ཀོན་ཆུས་སུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བརྟན་པོ་བཏང་ནས་ཁྲེང་ཀོན་ཆུས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།