ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9བའི་ཚེས10ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལའི་གཟིགས་སྐོར་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ནས་བཟུང་ཕོ་བྲང་པོ་ཏ་ལའི་གཟིགས་སྐོར་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་རེད། 

པོ་ཏ་ལ་གཞུང་ཕྱོགས་སྟེགས་བུ་ཡིས་ཟླ9བའི་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ལྟར་ན། པོ་ཏ་ལ་ལྗོངས་ཁུལ་གྱིས2023ལོའི་ཟླ9བའི་ཚེས10ནས་བཟུང་གཟིགས་སྐོར་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཏུ་རྒྱུ་ལམ2པའི་གཟིགས་སྐོར་ལམ་ཐིག་སྒོ་རྒྱག་རྒྱུ་རེད། གཟིགས་སྐོར་སྒྲིག་ལམ་ཡག་པོ་སྲུང་སྐྱོང་བྱས་ནས་ཡུལ་སྐོར་པའི་གཟིགས་སྐོར་དུས་ཚོད་ངེས་ཅན་ནང་དུ་བཟོ་བཀོད་ལ་གནོན་ཤུགས་ཆེན་པོ་མི་བཟོ་ཕྱིར། གཟིགས་སྐོར་དུས་ཚོད་གནས་སྐབས་སུ་སྔ་དྲོའི་དུས་ཚོད9:00ནས་མགོ་རྩོམ་རྒྱུ་རེད། གལ་ཏེ་ཡུལ་སྐོར་པ་མང་དུ་ཕྱིན་ཚེ་སྒོ་འབྱེད་པའི་དུས་ཚོད་དོན་དངོས་གནས་ཚུལ་བཞིན་ལེགས་སྒྲིག་བྱ་རྒྱུ་དང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་བརྡ་ཁྱབ་ཚད་གཞིར་འཛིན་དགོས། ཡུལ་སྐོར་པ་མི་ཐེངས5000སླེབས་ཚེ་རྒྱུ་ལམ2བའི་ལམ་ཐིག་ཡང་བསྐྱར་སྒོ་འབྱེད་དེ་སྣེ་ལེན་བྱ་རྒྱུ་རེད།

སྐབས་དེར་ཡུལ་སྐོར་པས་ངེས་པར་དུ་སྔོན་གྱི་ཉིན་གཅིག་ལ“ཕོ་བྲང་པོ་ཏ་ལའི་པ་སེ་མངག་ཉོ་མ་ལག”སྐད་འཕྲིན་སྟེགས་བུ་ཆུང་ཆུང་བརྒྱུད་དེ་པ་སེ་ཉོ་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།