ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མཚོ་ངོས་མཐོ་ཚད་ཆེས་མཐོ་བའི་རླུང་ནུས་གློག་གཏོང་དྲ་བས་གློག་བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས3ཉིན། ས་བབ་མཐོ་ཚད་ལ་སྨི5050ཡོད་པའི་བོད་ལྗོངས་མཚོ་སྨད་གྲི་གུ་རླུང་ནུས་གློག་ར་ནས། སྐོར་དང་པོའི་ཤོང་ཚད་ཀྲའོ་ཝ3.6ཅན་གྱི་རླུང་ནུས་འཕྲུལ་འཁོར5ནས་གློག་གཏོང་མགོ་ཚུགས། འདི་ནི་མིག་སྔའི་བར། རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་ས་ཁུལ་དུ་ཤོང་ཚད་ཆེས་ཆེ་བའི་རླུང་ནུས་གློག་གཏོང་འཕྲུལ་ཆས་ཡིན་ལ། དེས་རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་རླུང་ནུས་གསར་སྤེལ་འཛུགས་སྐྲུན་དང་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།