ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230524328592810984.jpg

པར་འདི་ནི་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་སྒྲུབ་གནང་བའི2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་པེ་ཅིན་དུ་བསྡུས་པ་རེད། ཁག་བགོས་གླེང་སྟེགས་ཀྱི་ལྷུ་ཚིགས་སུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས“བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་བོད་ལྗོངས་སུ་ལག་བསྟར” “བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར”“བོད་ལྗོངས་རིག་གནས་ཀྱི་རྒྱུན་འཛིན་སྲུང་སྐྱོང་དང་འཕེལ་རྒྱས”“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་གཞོན་ནུའི་སྟོབས་ཤུགས” “གྲངས་འཛིན་དུས་རབས་སུ་བོད་ལྗོངས་ཀྱི་གཏམ་རྒྱུད་རྒྱལ་སྤྱི་ཅན་དུ་སྒྲོག་སྤེལ”སོགས་གྲོས་དོན5དམིགས་ཏེ། སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་དང་སྤེལ་རེས་ཟབ་མོ་བྱས། །

W020230524328592819018.jpg

པར་འདི་ནི་ཚོགས་འདུར་ཞུགས་མཁན་གྱིས་མགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་ལ་ཉན་བཞིན་པའི་རྣམ་པ་རེད།

W020230524328592978557.jpg

པར་འདི་ནི་ཚོགས་ཞུགས་མཁན་ཞིག་གིས་གླེང་སྟེགས་ཚོགས་རའི་ཕྱི་རོལ་དུ་པར་རིས་འགྲེམ་སྟོན་ལ་ལྟ་བའི་རྣམ་པ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།