ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རྩལ་འགྲན་རྟ་རྩལ་རུ་ཁག་ལ2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་པའི་ཨང་དང་པོ་ཐོབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ནས་ཚེས་27ཉིན་བར། ཀྲུང་གོ་རྟ་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དེ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཆིན་ཧན་རྒྱལ་སྤྱིའི་རྟ་རྩལ་ལྟེ་གནས་སུ་མཇུག་འགྲིལ་བ་རེད།

བོད་ཀྱི་རྩལ་འགྲན་རྟ་རྒྱུག་རུ་ཁག་གི་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བསྟན་འཛིན་བློ་བསྟན། བསྟན་འཛིན་ཕུན་ཚོགས་བཅས་ལུས་རྩལ་པ་བཞི་2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་པའི་འགྲན་བསྡུར་ནང་ཞུགས་པ་དང་། བཀྲ་ཤིས་དང་། སྤེན་པ་ཚེ་རིང་། སྐལ་བཟང་ཕུན་ཚོགས། དབང་རྒྱལ། སངས་རྒྱས་བཅས་2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་མི་སྒེར་གྱི་འགྲན་བསྡུར་ནང་ཞུགས་ཡོད།

འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་ཀྱི་རྟ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པ་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བསྟན་འཛིན་བློ་བསྟན། བསྟན་འཛིན་ཕུན་ཚོགས་བཅས་ལ་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་གྱི་ཚོགས་ཆུང་གཉིས་བཙུགས་ཡོད་པ་དང་། ཧྲང་ཧའེ་དང་། ཀོང་ཏུང་། ཉིང་ཞ། བོད་ལྗོངས། ནང་སོག་བཅས་ས་ཁུལ་5ནས་ཡོང་བའི་འཐུས་མི་རུ་ཁག་གི་རྟ་པ་26དང་རྟ་31འགྲན་བསྡུར་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།