ཀྲུང་གོ་བོད་ཀྱི་དྲ་བ།

གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ནས་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཡོངས་ཁྱབ་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་དམིགས་ཏེ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་བཟའ་བཅའི་བདེ་འཇཌ་ལ་མཐུན་སྦྱོར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་ཐུབ་པ་རེད།

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་སྐལ་བཟང་དབང་མོས་ངོ་སྤྲོད་བྱས་པར། 2022ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་284གྱོད་དོན་ཐོ་འགོད་བྱས་ནས་སྒྲུབ་གཉེར་བྱས་ཡོད། དེའི་ནང་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་244སྒྲུབ་གཉེར་བྱས་པ་དང་། རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ། སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་40སྒྲུབ་གཉེར་བྱས་ཡོད།

ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱེད་རིང་། འབྱུང་རྩར་དམ་འཛིན་གྱིས་རྩ་བཅོས་ལ་སྣང་ཆེན་དང་གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ཏེ། ལས་རིགས་ནང་ཁུལ་དང་ས་ཁོངས་ནང་ཁུལ་གྱི་ཡོངས་ཁྱབ་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ཡོད། སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱེད་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་མ་བརྒྱབ་གོང་སྤྱི་ཕན་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་དེ་ཁྲིམས་འཛིན་གནས་ཚུལ་གྱི་གྱོད་སྒྲུབ་འདུ་ཤེས་ཡག་ཤོས་སུ་བརྩིས་ནས། བྱེད་ཐབས་སྣ་ཚོགས་སྤྱད་དེ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།