ཀྲུང་གོ་བོད་ཀྱི་དྲ་བ།

བྲག་གསུམ་མཚོ་སྟེ་ལྷ་ཡི་ཞིང་ཁམས་སུ་ལྷུང་བའི་མུ་ཏིག་རྡོག་ཅིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྲག་གསུམ་མཚོ་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་དང་བར་ཐག་སྟོང་སྨི36ལྷག་ཡོད་པའི་བྲག་ཆུ་སྟོད་རྒྱུད་ཀྱི་གྲོག་རོང་དུ་ཆགས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི5Aརིམ་པའི་རང་བྱུང་ཡུལ་ལྗོངས་ཐོན་ཁུངས་ལྗོངས་ཁུལ་ཐོོག་མ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཡིན་པ་མ་ཟད། དེ་ཡིས་ཧུར་ཐག་གིས་བྲག་གསུམ་མཚོ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་སྙན་ཞུ་བྱེད་བཞིན་པའི་སྒང་ཡིན།

8.jpg

བོད་ཀྱི་སྙན་ངག་ཁྲོད། བྲག་གསུམ་མཚོ་དེ་རྒྱུན་དུ་རི་གསེབ་དུ་སྡོད་པའི་ལྷ་མོ་ཞིག་ལ་དཔེ་འཇོག་པ་རེད། བྲག་གསུམ་མཚོའི་རིང་ཚད་ལ་སྤྱི་ལེ18དང་། མཚོ་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ27ཡོད་ལ། མཚོ་ཡི་ཆེས་གཏིང་སར་སྨི120དང་ས་བབ་སྨི3480ཟིན་ཡོད།

9.jpg

མཚོ་ངོས་རྒྱ་ཆེ་ཞིང་ཆུ་བོ་དྭངས་ལ། མཐའ་འཁོར་རི་ཡིས་ཡོངས་སུ་བསྐོར་བ་དང་རི་རྩེར་གངས་ཆགས་པས་ཉི་འོད་འོག་ཏུ་དངུལ་མདོག་འཕྲོ་བཞིན་ཡོད། གནམ་སྔོན་པོ་དང་སྤྲིན་དཀར་པོ། རི་སྔོ་ཆུ་དྭངས་བཅས་ཀྱིས་ཕན་ཚུན་ཀུན་ནས་བརྒྱན་ཡོད།

༩.jpg

10.jpg

བྲག་གསུམ་མཚོ་རུ་ནུས་ཁུངས་གྲོན་ཆུང་བྱེད་པའི་གཡོར་གྲུ་དང་། རྟ་རྒྱུག བྱེ་ཐང་གི་སྦག་སྦག་འཁོར་ལོ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ཉམས་སུ་མྱོང་ཐུབ་པ་མ་ཟད། ཡུལ་སྐོར་བྱས་ནས་ཐང་ཆད་ན་ད་གཟོད་བྲག་ཆུའི་ཉ་དང་། བོད་ཕག་ཟས་མངར། ཤ་མོ་སྲེག་མ་སོགས་ཀྱི་ས་གནས་ཁྱད་ཆོས་ལྡན་པའི་ཟས་རིགས་སྣ10ལྷག་ལོངས་སུ་སྤྱོད་ཐུབ།

གོ་སྐབས་ལྡན་པའི་ཡུལ་སྐོར་པ་ཚོ་བྲག་གསུམ་མཚོའི་མཚོ་མགོ་གྲོང་ཚོའི་མཐོ་སྒང་གི་རྐང་ཐང་ལམ་ཐིག་ནང་ཞུགས་ཆོག་ལ། མ་འོངས་པར་གནས་དེ་རུ་རྟ་ལ་ཞོན་ནས་ཡུལ་སྐོར་བྱེད་པའི་མཚོ་བསྐོར་ལམ་ཐིག་ཅིག་གཏོད་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།