ཀྲུང་གོ་བོད་ཀྱི་དྲ་བ།

འབད་འབུངས་ཆེན་པོས་ལེའུ་གསར་བརྩམས། དུས་རབས་གསར་པར་བྱས་རྗེས་འཇོག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར་བཀོད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་བྱ་གཞག་ཁག་ལ་ཕྱོཌ་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གསེར་རྙེད་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་པ་དང་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།

དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་9.57ནས་2021ལོའི་སྒོར་དུང་ཕྱུར་73.87བར་བརྟན་པོ་འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་2012ལོར་སྒོར་དུང་ཕྱུར་4.55ནས་2021ལོའི་སྒོར་དུང་ཕྱུར་27.32བར་ལྡབ་6འཕར་བ། ལྷག་པར་དུ་2021ལོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་10ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད། གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་1710.73བར་རིང་དུ་བཏང་ཞིང་། ཤང་གྲོང་དུ་འགྲོ་ལམ་ཤར་བགྲོད་ཐུབ་ཚད་100%ཟིན་པ་དང་། སྒྲིག་ཚུད་གྲོང་ཚོར་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ནས་ཤར་བགྲོད་ཐུབ་ཚད་78%ཟིན་ཡོད། མཚོ་བོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། དེ་བཞིན་ནག་ཆུ་དང་ལྷ་སའི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་བཅས་ཤར་གཏོང་ཐུབ་ནས་གསར་‏རྙེད་ཆུས“ལྷ་ས་བར་དུ་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱར”ཟླ་སྒྲིལ་བཏང་བ་དང་། གློག་བརྟན་པོ་མེད་པ་ནས་དྲ་བ་སྦྲེལ་ནས་གློག་བརྟན་དུ་བཏང་བའི་བར་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རྦད་དེ་ལེགས་སུ་ཕྱིན་ནས་གསེར་རྙེད་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ཤིང་སྤུས་ཚད་ཡོད་པའི་དུས་མཚམས་གསར་པར་སླེབས་ཡོད།

མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ།

ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་5692ནས་2021ལོའི་སྒོར་16247བར་མང་དུ་ཕྱིན་ཡོད། དུས་རབས་གསར་པར་ཤར་རྗེས། གསེར་རྙེད་ཆུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ལས་དོན་མཐའ་དག་ནས་དམངས་འཚོའི་ཁོངས་གཏོགས་ལ་སྡེབ་གཅིག་ཏུ་ཤུགས་སྣོན་བརྒྱབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་སྟེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རིག་གནས། རྒན་གསོ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་དངོས་ཡོད་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་པ། གྲོང་ཚོ་དབུལ་པོ་134ཚང་མ་དབུལ་སྒྲོལ་ཐུབ་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་ནག་རྦད་དེ་མེད་པར་བཟོས་པ། མི་ཁྲི་10.75ལ་ཐུམ་འབུའི་ནད་གྲལ་བཤེར་བྱས་པ་དང་མི་307ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཤིང་། གསེར་རྙེད་ཆུས་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོཌ་བསྡུས་འགོག་བཅོས་བྱ་ཡུལ་དང་རང་སྐྱོང་ལྗོངས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་གྲས་སུ་བཅུག་པ། གསེར་རྙེད་ཆུས་ཀྱི་གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་“3991580”བདེ་བླག་ངང་ཤར་གཏོང་ཐུབ་པ། “དྲ་སྦྲེལ་+”བརྒྱུད་བོད་སྐྱོར་ཞིང་ཆེན་ནམ་གྲོང་ཁྱེར་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་ཐུབ་པ། ཀྲེ་ཅང་དུ་ཡུལ་གཞན་དུ་ལས་ཞུགས་ཀྱི་ཞབས་འདེགས་ས་ཚིགས་བཙུགས་ཏེ། རིམ་རྩིས་བྱས་ན་ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་28ལས་ཞུགས་ཐུབ་ཅིང་། ཡུལ་གཞན་དུ་ལས་ཞུགས་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

དུས་རབས་གསར་པ་ཤར་རྗེས། གསེར་རྙེད་ཆུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱག་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་། སྐྱེ་ཁམས་ཁོར་ཡུག་པུའི་ལྷོ་ནུབ་ལྟ་བཤེར་ཅུས། “ཕུབ་ལྗང་2019”ཡི་ཚུར་ལན་གནད་དོན་དག་ཐེར་ལས་དོན་བཅས་གོ་སྐབས་སུ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ལྷོ་མ་གྲོང་རྡལ་གྲོང་ཚོ་13པ་དང་གྲོང་ཚོ་14པའི་རྡོ་ར་སོགས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་དེ་སྐྱེ་ཁམས་སླར་གསོའི་དྲང་ཕྱོགས་ཀྱི་དཔེ་མཚོན་དུ་ཏན་ཏིག་བསྒྱུར་པ་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེཌ་སུ་ཕྱིན་ནས་མཁའ་རླུང་ལེཌ་ཚད་100%ཟིན་པ། ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཆུའི་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ཚད་གཞི་ལོན་པ་དང་ཆུ་སྤུས་དག་གི་བཅད་ངོས་བསྡུར་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་བརྟན་པོ་བྱུང་ནས་ཤང་དང་གྲོང་རྡལ་12རྒྱལ་ཡོངས་ཀྱི་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་གྲོང་ཁྱེར་རིམ་པའི་ཞིབ་དཔྱད་ཀྱི་ཚད་གཞི་ལོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།