ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་མགོར་སོ་ནམ་ལས་ལ་བྲེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 未命名_副本.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མང་ཚོགས་ཀྱིས་རྫས་ལུད་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གཞི་ཆེན་པོར་དཔྱིད་དཔལ་རབ་ཏུ་བཞད་པ་དང་རྣམ་པ་ཡོངས་རྫོགས་གསར་བར་འགྱུར་བའི་དུས་བཟང་འདིར། བོད་ལྗོངས་ཀྱི་ས་གནས་ཁག་ཏུ་དཔྱིད་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་མགོ་ཚུགས་ནས། ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་དང་རྫས་ལུད་དབོར་འདྲེན་དང་དོ་དམ་ལ་ཤུགས་སྣོན་པ་སོགས་ལས་དོན་ལེགས་པར་བསྒྲུབས་ཏེ། ད་ལོར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་འདིང་ཡོད། །

未命名_副本555.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་ཞིང་པས་ཡུར་བུ་གཙང་བཤེར་བྱས་ནས་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།