ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར60ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་དོན་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར། བོད་ལྗོངས་ཀྱི་རིགས་ཁག་གི་རིག་གནས་ཁེ་ལས8000ལ་སླེབས་ནས་ལས་སྒྲུབ་མི་སྣ་ཁྲི7ལས་བརྒལ་ཡོད་པ་དང་། 2022ལོའི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར63.29ཟིན་ཡོད།

W020230317312541488050.jpg

པར་འདི་ནི་རྒྱ་བཟའ་ཀོང་ཇོའི་ཟློས་གར་འཁྲབ་སྟོན་གྱི་ཡུལ་དངོས་རྣམ་པ་རེད།

2022ལོར། བོད་ལྗོངས་ཀྱིས་ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་གི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས“རིག་གནས་བོད་ལྗོངས”ཀྱི་བདེན་དཔང་ར་སྤྲོད་བྱས་པའི་ཐོན་རྫས400ལྷག་དྲ་ཐོག་གཉེར་སྐྱོང་གི་ལས་དོན་ལེགས་པར་འགྲུབ་པ་དང་། རིག་གནས་ཁེ་ལས15རིག་གནས་ཁེ་ལས་གསར་གཏོད་ལས་གཏོད་ཞབས་ཞུ་རྟེན་གཞི་ཆུང་གྲས་སུ་བཅའ་སྡོད་བྱེད་པར་སྐུལ་འདེད་བཏང་བ། དེ་དང་ཆབས་ཅིག ཆོས་ལུགས་བྱ་འགུལ་སྤེལ་ཡུལ་དུ་ཡན་ལག་དཔེ་མཛོད་ཁང་དང་གནའ་དཔེ་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་ཁང་གསུམ་འཛུགས་སྐྲུན་གྱི་ལས་དོན་རྒྱལ་ཁའི་ངང་སྤེལ་བ། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་མཐུད་འཕར་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང151ཏུ་མི6000ལས་ཞུགས་ཐུབ་པ་དང་སྒོར་དུང་ཕྱུར2ཡོང་འབབ་འཕར་སྣོན་བྱུང་བ། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང83དྲ་སྦྲེལ་ལས་སྟེགས་སུ་བཅའ་སྡོད་བྱས་ནས་ཐད་གཏོང་ལས་སྟེགས་བེད་སྤྱད་དེ། རིག་གནས་ཀྱི་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་རྣམ་པ་གསར་བ་བཏོད་ཡོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། གསར་གཏོད་བཅས་ཀྱི་ཁྲོད་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་རྒྱུན་ཆད་མེད་པར་མངོན་ཡོད། 

W020230317312541487545.jpg

པར་འདི་ནི“རིག་གནས་གསར་གཏོད་ཐོན་རྫས་ཀྱི་བོད་ལྗོངས་ཏེ——བོད་ལྗོངས་དང་ལྷ་སའི་རིག་གནས་གསར་གཏོད་ཐོན་རྫས་སྤུས་ལེགས་སྐོར་སྐྱོད་འགྲེམ་སྟོན”གྱི་ཡུལ་དངོས་རེད།

རྒྱུས་ལོན་ལྟར་ན། ད་ལོར། བོད་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་ལས་གཞི་ལག་བསྟར་བྱེད་པ་དང་དེང་རབས་རིག་གནས་ཐོན་ལས་དང་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཙོ་གནད་རིག་གནས་ཐོན་ལས་ཀྱི་ཁྲིད་སྟོན་འཐབ་ཇུས་དང་། དངུལ་ཁང་དང་ཁེ་ལས་མཉམ་འབྲེལ་གྱི་ལས་སྟེགས་ཧུར་ཐག་བསྐྲུན་པ། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལག་བསྟར་བྱས་ཏེ། ཕོ་བྲང་པོ་ཏ་ལའི་རིག་གནས་སྤྱི་གླིང་དང་བོད་ལྗོངས་གནའ་དཔེ་ཀློག་འདོན་འཕྲུལ་ཆས་གསར་འབྱེད་བེད་སྤྱོད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “རིག་གནས་བོད་ལྗོངས”ཀྱི་ཟོང་རྟགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་རིག་གནས་ཁེ་ལས་ཀྱིས་རིགས་ཁག་གི་རིག་གནས་གསར་གཏོད་ཐོན་རྫས1000ལས་མི་ཉུང་བ་གསར་འབྱེད་ལ་མཛུབ་སྟོན་བྱེད་པ། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁེ་ལས་གསར་གཏོད་ལས་གཏོད་ཞབས་ཞུ་རྟེན་གཞི་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁེ་ལས་དག་གསོ་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱེད་པ་དང་གསོ་སྦྱོང་བརྗེ་རེས་བྱ་འགུལ་རྒྱུན་མཐུན་སྤེལ་རྒྱུ་རེད། 

ད་ལོར། བོད་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་མུ་མཐུད་དུ་བོད་ལྗོངས་ཀྱི་ཐང་གའི་སློབ་དཔོན་དང་ལྡེར་བཟོ་བ་སོགས་རིམ་པ་དཔྱད་བསྡུར་གཏན་འབེབས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། བོད་སྤོས་ཟོང་རྟགས་ཀྱི་ཚད་གཞི་སྒྲིག་བཟོ་བྱས་ནས་འདོན་པ། “བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྒེའུ་ཁུང”གི་རིམ་པ་སྤོར་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་དགོས། 

རྒྱུས་ལོན་བྱུང་བ་ལྟར་ན། 20023ལོར། བོད་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གཞིའི་སྟོབས་ཤུགས་མུ་མཐུད་རྒྱ་ཆེར་བཏང་སྟེ། ལོ་འཁོར་གྱི་རིག་གན་ཐོན་ལས་ཐོན་རྫས་རིན་ཐང15%ཡན་འཕར་བ་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།