ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མ་སོགས་Aརིམ་པའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཞིག་སླེབས་ཡོད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་དང་གཉིས་པར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་145.26ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.02%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་12.6ཟིན་པ་དེ་དུས་མཚུངས་ལས་55.15%འཕར་ཡོད་པ་རེད།

རེས་སྐོར་ལྔ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རར་སྐུལ་འདེད་གཏོང་ཆེད་བྱ་དགའ(ཁ་གསབ་རོགས་དངུལ)སྤྲོད་པ་སོགས་གཟིགས་སྐྱོང་སྲིད་ཇུས་བཏོན་པ་བརྒྱུད། འདི་ལོ་ཚུན་དུ་རང་ལྗོངས་ཀྱི་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་དེ་ཟླ་3ཚེས་15ཉིན་བར་རྒྱུན་མཐུད་རྒྱུ་དང་དེའི་རིང“བཀྲ་ཤིས་པའི་གངས་ལྗོངས། དགུན་དུས་ཀྱི་ཡུལ་སྐོར”བརྗོད་དོན་གཙོ་བོར་བྱེད་པའི“ས་གནས་དེ་གའི་ཡུལ་སྐོར”གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས། Aརིམ་པའི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)ཡུལ་སྐོར་འགྲུལ་སྐྱེལ་བཅས་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲོད་པ་དང་ཕན་བདེའི་གཟིགས་སྐྱོང་མང་པོ་ལག་བསྟར་བྱེད་རྒྱུ་རེད།

ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་ཡོང་བའི་གནས་སྐབས་རང་བཞིན་གྱི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་ནན་པོ་བྱས་ཏེ། 2023ལོ་ཧྲིལ་པོར་ཡུལ་སྐོར་བར་སྒོར་ཁྲི་1800རི་བའི་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་རྩིས་ཡོད་པ་རེད། སྒོ་འཛིན་རིན་པ་ཆག་ཡང་དང་རྩ་ཆག་གཏོང་བ་དང་སྲོལ་རྒྱུན་གྱི་དམངས་སྲོལ་གནས་ཚང་མྱོང་རོལ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ལྗོངས་ཕྱིར་ཡུལ་སྐོར་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ནས“མཛེས་སྡུག་ལྡན་པའི་རྒྱལ་ལམ་གྱི་ལམ་ཐིག”དང་། “རྒྱལ་ཁབ་ཀྱི་ལམ་ཆེན་མཐའ་མཚམས་ཀྱི་ཡུལ་སྐོར”“བསམ་དོན་གྲུབ་པའི་ཡུལ་སྐོར”སོགས་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་སྔ་རྗེས་སུ་བཏོན་ནས་ཡུལ་སྐོར་བ་གཞིས་རྩེར་ཡོང་བའི་ཡིད་དབང་འགུག་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉི་ཤུ་པ་ཟླ་3ཚེས་28ཉིན་འགོ་ཚུགས་རྒྱུ་ཡིན་ཞིང་། “རྒྱལ་ཡོངས་ཀྱི་གྲོགས་པོ་ཚོ‘མི་ཡུལ་གྱི་ཞིང་ཁམས·མཛེས་སྡུག་ལྡན་པའི་ཉིང་ཁྲིར’མཉམ་དུ་ཁམ་བུའི་མེ་ཏོག་ལ་ལྟ་བར་གདན་དྲངས་ཀྱི་ཡིན། ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དེས་ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།

རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་བྱེད་སྒོ་དང“ས་གནས་དེ་གའི་ཡུལ་སྐོར”བྱེད་སྒོ་དོན་འཁྱོལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་ལྗོངས་ཀྱི་ས་གནས་མང་པོའི་རིག་གནས་ཡུལ་སྐོར་ཁྲོམ་རར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ནས་རང་ལྗོངས་ཀྱི་ཡུལ་སྐོར་སླར་གསོ་ཡོང་བའི་གོམ་སྟབས་མགྱོགས་སུ་ནུས་ལྡན་ཕྱིན་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།