ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀོང་ཏུང་ཞིང་ཆེན་གྱི་དེང་རབས་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀོང་ཏུང་ཞིང་ཆེན་གྱི་དེང་རབས་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་ཧྥོ་ཧྲན་གྲོང་ཁྱེར་ཐན་ཀྲོའུ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ཐེངས་འདིར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས23སྒྲིག་འཛུགས་བྱས་ནས་འགྲེམ་ཚོགས་ལ་ཞུགས་ཡོད་པ་དང་། སྤུས་ལེགས་ཞིང་ཞོར་ཐོན་རྫས170ལྷག་ཁྱེར་ནས་འགྲེམ་འཚོང་དང་འགྲེམ་སྟོན་བྱས་ཤིང་། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར2.5ལྷག་ཟིན་ཡོད། 

འགྲེམ་ཚོགས་ཐོག “ཀོང་ཏུང་བོད་སྐྱོར——ཉིང་ཁྲི་འགྲེམ་ཁང”ལ་ཀོང་ཀྲོའུ་གྲོང་ཁྱེར་གྱི་གྲོང་མིས་དགའ་བསུ་ཆེན་པོ་ཐོབ། གྲོང་མི་སྐུ་ཞབས་ཧོང་གིས་འགྲེམ་ཚོགས་ཐོག་བོད་ལྗོངས་ཀྱི་ཐོན་རྫས་མཐོང་མ་ཐག སེམས་བདེ་བག་ཕེབས་ངང་ཉོ་སྒྲུབ་བྱས་ཆོག་སྙམ་ཞེས་བཤད། 

ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གནམ་གཤིས་ལེགས་པ་དང་སྐྱེ་ཁམས་བཟང་བ། ཐོན་ཁུངས་མང་བ་སོགས་ཀྱི་ལེགས་ཆའི་ཆ་རྐྱེན་ལ་རྐང་བཙུགས་ནས། དེང་རབས་དང་ནུས་མཐོ། སྐྱེ་ཁམས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ་དང་། “ཉིང་ཁྲིའི་ཇ་ལོ”དང“ཉིང་ཁྲིའི་བོད་ཕག”“ཉིང་ཁྲིའི་མོག་རོ”བཅས་ཟོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ཕྱིར་གཏོང་ཟས་རིགས་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་ཐོག་མར་གཏན་འཁེལ་བྱས་ཤིང་། “ཟོང་རྟགས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོ་འགོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད།

ཉིང་ཁྲི་ནི་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་སྡེ་ཚན་ཡིན་པས། ཉེ་བའི་ལོ་འགའི་རིང་ཀོང་ཏུང་དང་ཉིང་ཁྲི་ས་ཁུལ་གཉིས་ཀྱི་ཐོན་ལས་མཉམ་ལས་དང་ཉོ་ཚོང་འགྲོ་འོང་། རིག་གནས་ཡུལ་སྐོར་སོགས་ཀྱི་ཐད་བརྗེ་རེས་མུ་མཐུད་གཏིང་ཟབ་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།