ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་དབང་རིག་འཛིན་གྱིས་ཕ་ཡུལ་འོས་སྦྱོར་བྱེད་པ་ནི་ངའི་ལས་འགན་ཡིན་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆེས་མཛེས་འབྲི་ཆུའི་དཀྱོགས་མཚམས།

གནས་སྐོར་བས་དོས་སྒམ་སྟེང་པར་ལེན་བཞིན་པ།

གཞས་སྙན་མོ་ངག་ལ་བཀུག་ནས་ཕྱིའི་མགྲོན་པོ་བསུ་བ།
ང་ཚོ་ནི་བདག་སྐྱོང་པ་ཡིན་པ་མ་ཟད། མཛེས་པའི་ཕ་ཡུལ་འོས་སྦྱོར་བྱེད་མཁན་ཡང་ཡིན།
གནས་སྐོར་བར་བོད་ལྭ་གྱོན་རོགས་བྱེད་པ།
གནས་སྐོར་བ་དང་ལྷན་དུ་བྲག་བརྐོས་རི་མོར་ལྟ་བ།
གནས་སྐོར་བ་ཁྱིམ་དུ་བསུ་བ་བྱས་ཏེ་བོད་ཟས་རོལ་མྱོང་བྱེད་དུ་བཅུག་པ།

ཟླ9པའི་ཟླ་དཀྱིལ་ལ་ཐོན་དུས་གནམ་གཤིས་རང་བཞིན་ཇེ་འཁྱགས་ཏུ་འགྲོ་བཞིན་ཡོད་ནའང་། འཁོར་གཏོང་ཡུལ་སྐོར་ལ་དགའ་བའི་གནས་སྐོར་བ་མི་ཉུང་བ་ཞིག་གྲོང་ཁྱེར་གྱི་འདུ་འཛི་དང་ཁ་བྲལ་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་གནས་སྐོར་ལྗོངས་རྒྱུ་བྱེད་དུ་ཐོན་ཡོད་པ་དང་། ཁོ་ཚོའི་སེམས་ཁོངས་ཀྱི“སྙན་ངག་དང་རྒྱང་རིང་གི་ཡུལ་གྲུ”འཚོལ་བཞིན། གནས་འདིའི་ཆེས་མཛེས་འབྲི་ཆུའི་དཀྱོགས་མཚམས་ཀྱི་མཚར་སྡུག་དང་རྨ་ཆུའི་མགོ་ཁུངས་ཀྱི་ཆུའི་རླབས་སྒྲ་ཉམས་སུ་མྱོང་བ་དང་མཚོ་ངོས་ལས་སྨི6178ཡོད་པའི་གངས་གཡུ་འབྲུག་ལྷ་རྩེར་འགྲན་སློང་བྱེད་ཆོག 

འབྲི་ཆུའི་འགྲམ་ངོགས་བརྒྱུད་དེ་མུ་མཐུད་དུ་བསྐྱོད་ཚེ། ལམ་བར་དུ་ཤུག་སྡོང་མང་པོ་མཐོང་ཐུབ་ལ། ཉེ་འགྲམ་དུ་ད་དུང་རྡོ་བརྐོས་རི་མོ་ཡང་ཡོད།  དེ་ནས་མདུན་དུ་བསྐྱོད་ན་འབྲི་ཆུའི་དཀྱོགས་མཚམས་སུ‘ཐོན་པ་དང་། དེ་ནི‘འབྲི་ཆུའི་ཁུག་སོ་དང་པོ’ཡིན་པས།    མཛེས་ལྗོངས་ཁུལ་གཉིས་རི་གཅིག་གིས་ཆོད་ཀྱང་རང་སོ་སོའི་ཁྱད་ཆོས་ལྡན་པས།  ཁྱེད་རྣམ་པས་གང་འདོད་དུ་རྗེས་དྲན་གྱི་འདྲ་པར་བསྐྱོན་ཆོག   དུས་རྒྱུན་ཡུལ་སྐོར་བ་སྣེ་ལེན་བྱེད་དུས་ཆུ་དམར་ལེབ་རྫོང་གཡུ་སྐར་གྲོང་རྡལ་རྐོང་དྭངས་སྡེ་བའི་ཚེ་དབང་རིག་འཛིན་གྱིས་ནན་ཏན་སྒོས་རང་ཉིད་ཀྱི་ཕ་ཡུལ་འོས་སྦྱོར་བྱེད་ཀྱིན་ཡོད། 

ཚེ་དབང་རིག་འཛིན་གྱིས་ད་ལྟ་ང་འབྲོག་པ་དཀྱིས་མ་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་བདག་སྐྱོང་མི་སྣ་ཞིག་ཀྱང་ཡིན་ལ། རྐང་འོག་གི་ས་གཞི་ཆེན་མོ་འདིར་སྲུང་སྐྱོང་ལེགས་པོ་བྱེད་དགོས་པའི་དུས་མཚུངས་སུ། གནས་སྐོར་སྣེ་ཤན་པ་བྱས་ཏེ་གཅེས་སུ་འོས་པའི་ཕ་ཡུལ་འོས་སྦྱོར་བྱས་པ་ཡིན་ཟེར། 

ཆུ་དམར་ལེབ་རྫོང་དུ་ཚེ་དབང་རིག་འཛིན་དང་བསམ་ཚུལ་གཅིག་མཚུངས་ཡིན་པའི་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ།    ཁོང་ཚོས་ཡུས་ཧྲུའུ་ཁུལ་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་གནས་ཐོག་མ་འདེམས་ཁུལ་གསར་སྐྲུན་བྱ་རྒྱུ་དེ་སྲིད་གཞུང་དང་ཡུལ་སྐོར་ཀུང་སིའི་བྱ་བ་ཡིན་པ་མ་ཟད།    ཡུས་ཧྲུའུ་བ་ཚང་མ་ཀྱང་རག་ལས་པས། ང་ཚོ་ཚང་མ་མཉམ་གཅིག་ཏུ་འབད་པ་ལྷོད་མེད་བྱས་ཏེ་བྱ་གཞག་འདིའི་ཁྲོད་དུ་ཞུགས་ན། ད་བཟོད་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དང་ཡུས་ཧྲུའུ་ལ་མངགས་བཅོལ་ཟབ་མོ་གནང་བ་ཆུད་ཟོས་སུ་གཏོང་མེད་པ་ཤེས་རྟོགས་བྱུང་དང་འབྱུང་བཞིན་ཡོད། 

ཆུ་དམར་ལེབ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་བརྙན་འཕྲིན་ཅུའུ་ཡི་ཅི་ཀྲང་ཐའེ་ཅེས“རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔྱིད་རླུང་དང་བསྟུན་ནས། ད་ལྟ་ཆུ་དམར་ལེབ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་གོམ་པ་བརྟན་པོ་སྤོས་ནས། རྫོང་ཡོངས་ཀྱི་མཛེས་ལྗོངས་ཁུལ(ས་ཚུགས)སོ་སོའི་རིག་གནས་ཡུལ་སྐོར་སྒྲིག་བཀོད་མ་ལག་སྔར་ལས་འཐུས་ཚང་དང་ཇེ་ལེགས་སུ་སོང་ཡོད་པ་དང་།   མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ལ།  རིག་གནས་དར་སྤེལ་གཏོང་བའི་ལས་དོན་ནན་ཏན་སྒོས་སྐུལ་འདེད་བྱེད་པ་སོགས་ཆུ་དམར་ལེབ་རྫོང་གིས་ལག་ལེན་སྟེང་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཞེས་བཤད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།