ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་མི་དམངས་སྨན་ཁང་གིས་མིག་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མི་དམངས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཆེད་མཁས་པས་མཉམ་འབྲེལ་སྒོས་ས་གནས་ཀྱི་མང་ཚོགས་དག་གི་མིག་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ། 

དར་ལག་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གིས“རྫོང་ནང་ཁུལ་ནས་རིམ་གསུམ་སྨན་ཁང་གི་སྤུས་ལེགས་སྟབས་བདེའི་སྨན་བཅོས་ཞབས་ཞུ་དང་། ཆེད་ལས་ཀྱི་མིག་གི་བདེ་ཐང་ཤེས་བྱ་སློབ་སྦྱོང་བྱས་པར་མ་ཟད། ཐེངས་འདིའི་བརྟག་དཔྱད་སྨན་བཅོས་བྱེད་སྒོ་ལས་གྲོང་མིར་དག་གིས་ཏང་གི་ཐུགས་ཁུར་དང་བརྩེ་སེམས་ཚོར་ཐུབ། ང་ཚོ་སྨན་པ་དག་ལ་མཚོན་ན་འདི་ནི་རྙེད་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་དང་། མང་ཚོགས་ལ་མཚོན་ན་སྨན་བཅོས་ཞབས་ཞུའི་དགོས་མཁོ་བསྐངས”ཞེས་བརྗོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།