ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྤྱི་གླིང་སྐོར་ཐོག་མའི་འཛུགས་སྐྲུན་ཚོགས་པ7དང་མི་སྒེར5ལ་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས19ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི་སྒོ་འབྱེད་མཛད་སྒོའི་ཐོག རྒྱལ་ཁབ་སྤྱི་གླིང་སྐོར་ཐོག་མ་འཛུགས་སྐྲུན་ཚོགས་པ7དང་མི་སྒེར5ལ་གཟེངས་བསྟོད་ཐོབ།

ཐེངས་འདིར་གཟེངས་བསྟོད་ཐོབ་པའི་ཚོགས་པ་དང་མི་སྒེར་ནི། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཏུང་ཉིང་ཅུའུ་བུད་མེད་སྐོར་སྲུང་རུ་ཁག་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱིི་གླིང་དོ་དམ་ཅུའུ། དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་ཞིང་ཅིང་ལྟ་འཇལ་སྐོར་སྲུང་རུ་ཁག བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཧུན་ཁྲེང་ཅུའུ། ཧའེ་ནན་ཞིང་ཆེན་ནགས་ལས་ཅུའུ་ཧའེ་ནན་ཚ་རྒྱུད་ཆར་ལྡན་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་ཁྲུའུ། ཝུའུ་དབྱི་རི་བོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། རྒྱལ་ཁབ་སྤྱི་གླིང་ཚོར་ཤེས་རྒྱུད་ཁོངས་འཛུགས་སྐྲུན་ཆེད་གཉེར་འཛིན་གྲྭ་བཅས་ཚོགས་པ7ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕུལ་བྱུང་ཚོགས་པའི་གཟེངས་བསྟོད་ཐོབ་པ་དང་།  གཙང་གསུམ་འབྱུང་ཡུལ་དོ་དམ་ཅུའུ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་རྨ་ཆུ་ཤང་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་རིམ་པ་བརྒྱད་པའི་བདག་སྐྱོང་པ་འཇམ་དབྱངས་དར་རྒྱས་དང་དོམ་ཁྲ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་ཞིང་ཆེན་དོ་དམ་ཅུའུ་ཆུ་དཀར་ཡན་ལག་ཅུའུ་རྡོ་སྔོན་ཉག་གའི་སྲུང་སྐྱོབ་ས་ཚིགས་ཀྱི་བཟོ་སྐྲུན་པ་མེང་པིན། རྒྱལ་ཁབ་ནགས་རྩྭ་ཅུའུ་བྱང་ཤར་སྟག་གཟིག་ལྟ་འཇལ་དང་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཧྥེང་ལི་མིན། ཧའེ་ནན་ཚ་རྒྱུད་ཆར་ལྡན་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་ཅུའུ་པཱ་ཝང་ལིང་། ཝུའུ་དབྱི་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་བསྟར་རུ་ཁག་ཞིན་ཚུང་སྡེ་བའི་རུ་ཆེན་ཐུང་མུའུ་རུ་འབྲེང་གི་བཟོ་སྐྲུན་པ་ཞུའུ་ཙི་ཁུན་བཅས་མི5ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྒེང་གྱི་གཟེངས་བསྟོད་ཐོབ།

རྒྱུས་ལོན་པ་ལྟར་ན། 2021ལོའི་ཟླ10པར་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོ་དངོས་སུ་འཛུགས་མགོ་བརྩམས་པ་ནས་བཟུང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཞིང་ཆེན(ལྗོངས)གྱི་མི་དམངས་སྲིད་གཞུང་གིས་རོགས་རམ་བླ་ན་མེད་པ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོས་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཧུར་ཐག་བྱས་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ལས་དོན་ཤུགས་ཆེན་པོས་སྐུལ་འདེད་བཏང་བ། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་རྒྱུད་ཁོངས་སྐོར་དང་པོ་སྲུང་སྐྱོང་ལ་གྲུབ་འབྲས་མངོན་སུམ་ཐོབ་བ། སྐྱེ་ཁམས་རྒྱུད་ཁོངས་ཀྱི་རང་བྱུང་རང་བཞིན་དང་ཆ་ཚང་རང་བཞིན་ལ་ཕན་ནུས་ལྡན་པའི་སྲུང་སྐྱོང་ཐེབས་ཤིང་། དངོས་རིགས་སྲོག་ཆགས་ཁྱུ་ཚོགས་ཀྱི་ཀྲངས་ཀ་སླར་གསོ་བྱུང་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།