ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་དང་གཞུང་ཕྱོགས་དྲ་ཚིགས། སྐད་འཕྲིན་སྤྱི་རྟགས་སོགས་སྤྱོད་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།   སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལེགས་པོ་བསྒྲུབ་པར་རོགས་འདེགས་བྱས་ཏེ། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་འགྲེམ་སྟོན་དང་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་སུ་འཇུག་ཆེད།    སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་དང་གཞུང་ཕྱོགས་དྲ་ཚིགས། སྐད་འཕྲིན་སྤྱི་རྟགས་དངོས་སུ་སྤྱོད་མགོ་ཚུགས་པ་རེད།     

ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་བརྗོད་དོན་གཙོར་བྱས་ནས། གླེང་སྟེགས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་བརྒྱུད་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་དང་ཁྱད་ཆོས་ཅན་གཅིག་སྡུད་ངང་དྲིལ་བསྒྲགས་དང་འགྲེམ་སྟོན་བྱེད་པ་དང་།    རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཉམས་མྱོང་། སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་གཙོ་གནད་ནང་དོན་བཅས་ལ་དམིགས་ནས།   གླེང་སྟེགས་ཀྱི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་དྲིལ་བསྒྲགས་བྱ་རྒྱུ་ཡིན་ལ།    འགན་འཁྲི་ལག་བསྟར་ཇེ་དྲག་ཏུ་བཏང་ནས།    འབྲེལ་མཐུད་ལ་ཤུགས་བསྣན་ནས་ཚོགས་འདུ་མ་འཚོག་གོང་དང་ཚོགས་འདུ་འཚོགས་པ། ཚོགས་འདུ་མཇུག་རྫོགས་པ་སོགས་བརྒྱུད་རིམ་ཧྲིལ་པོ་རུ་དྲིལ་བསྒྲགས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་རྒྱལ་ཁའི་ངང་བསྡུ་བར་གླེང་ཕྱོགས་ལེགས་པོ་བསྐྲུན་རྒྱུ་ཡིན་ཟེར།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།