ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་མགོ་ལོག་ཁུལ་གྱི་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བསྡོམས་རྩིས་ཅུའུ་ཡིས་མགོ་ལོག་ཁུལ་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།     བརྟན་བརླིང་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཐོག རང་འགུལ་གྱི་ཞབས་ཞུ་སྒྲུབ་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་རྒྱབ་ལྗོངས་འོག མགོ་ལོག་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྤྱིའི་ཆ་ནས་བརྟན་བརླིང་དང་།    བརྟན་ཐོག་ལེགས་འཇགས།    ཁྱོན་ཡོངས་ནས་སླར་གསོ་བཅས་ཀྱི་རྣམ་པ་ཐོན་ཡོད།     ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་།    རོང་འབྲོག་ལས།    གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་བསྡོམས་འབོར།    ནོར་སྲིད་ཡོང་འབབ།    དངུལ་རྩའི་སྒྲིག་གཞིའི་དངུལ་བུན།   མཁར་གྲོང་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བཅས་ཚང་མ་ཚད་མི་འདྲ་བའི་སྒོ་ནས་འཕར་སྣོན་བྱུང་ཡོད་པ་རེད།     

ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན།    ལོ་སྟོད་དུ་མགོ་ལོག་ཁུལ་གྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར13.2ལེགས་སྒྲུབ་བྱས་པ་དང་། དུས་མཚུངས་ལས20.4%འཕར་ཡོད་པ་དང་། དེའི་ནང་ཐོན་ལས་དང་པོ་དུས་མཉམ་ལས5.6%འཕར་བ་དང་།    ཐོན་ལས་གཉིས་པ་དུས་མཉམ་ལས50.6%འཕར་ནས། ཐོན་ལས་ཆེན་པོ་གསུམ་ཀྱི་ཁྲོད་འཕར་ཚད་ཆེས་མགྱོགས་པའི་ཐོན་ལས་སུ་གྱུར་ནས་ཐོན་ལས་གསུམ་པ་དུས་མཉམ་ལས9.2%འཕར།     

ལོ་སྟོད་དུ་མགོ་ལོག་ཁུལ་གྱིས་ཕྱུགས་ལས་ཐད་རྒྱུན་ལྡན་གྱི་དོ་དམ་ལས་དོན་ལ་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱས་ནས་ཕྱུགས་རིགས་གསོ་སྤེལ་དོ་དམ་དང་།    བརྗེ་རེས་ལེགས་བཅོས།    ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་།    སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ།    ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་པ།    སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བ་བཅས་བྱ་ཐབས་སྣ་ཚོགས་བརྒྱུད་ཕན་འབྲས་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་སུ་བཏང་སྟེ། རོང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་པ་དང་།  ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་།    རོང་འབྲོག་པའི་ཐོན་སྐྱེད་རིན་ཐང་བརྟན་བརླིང་ངང་འཕར་བ་སོགས་རོང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི5724.47ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས5%འཕར།    

དམངས་འཚོ་འགན་ལེན་དང་རྨང་གཞིའི་སྒྲིག་བཀོད།    སྤྱི་ཚོགས་ཞབས་ཞུ།   སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་བཟོ་འགོད་དམིགས་ནས་མགོ་ལོག་ཁུལ་གྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། རྣམ་གྲངས་སྡེ་ཁག་གི་འགན་འཁྲི་དང་དུ་བླངས་སྟེ། རྣམ་གྲངས་ཀྱི་སྤུས་ཚད་དང་འཕེལ་རིམ་འགན་ལེན་བྱས་པས། ཕན་འབྲས་ཡོད་པའི་སྒོ་ནས་རྣམ་གྲངས་ལག་བསྟར་གྱི་ཆུ་ཚད་དང་མ་འཇོག་གི་ཕན་འབྲས་ཆེ་རུ་ཕྱིན་པ་དང་།    སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཚད་དུས་མཉམ་ལས6.03%འཕར་བ་དང་། མ་འཇོག་རྣམ་གྲངས467ཟིན་པ་བཅས་རེད།     

གཞན་ཡང་མགོ་ལོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ནས། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར7657ཟིན་ཡོད་པ་རེད།     །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།