ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན།G310གཅན་ཚ་ནས་གུང་ཧོའི་བར་གྱི་གཞུང་ལམ་གྱི་སུམ་པ་འགག་ཕུག་ལམ་ཨར་ལས་བྱ་ཡུལ་དུ་ལག་རྩལ་མི་སྣས་ཕུག་ལམ་འོད་ཤུགས་འགས་གཏོར་ལག་རྩལ་ལ་བརྟེན་ནས་ཕུག་ལམ་རྐོ་བཞིན་ཡོད། ལག་རྩལ་དེས་ཕུག་ལམ་རྐོ་བའི་མྱུར་ཚད་མགྱོགས་སུ་ཕྱིན་པ་མ་ཟད། ཨར་ལས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་ཐུབ་པ་དང་འཛུགས་སྐྲུན་གྱི་མ་གནས་གྲོན་ཆུང་ཐུབ་ཡོད་པ་རེད། ད་ལོ་ནས་བཟུང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བཙོག་ཉུང་ཐཱན་ཉུང་གི་མཐུན་སྦྱོར་ཕན་འབྲས་ཆེར་གཏོང་དང་རི་ཆུ་ནགས་གསུམ་དང་། ཞིང་དང་མཚོ་མཚེའུ། ་ཐང་དང་བྱེ་ཐང་འཁྱགས་རོམ་སོགས་བཅས་ཆ་ཡོངས་སུ་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཁྱོན་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཞིང་ཆེན་གྱི་འགྲིམ་འགྲུལ་ཐིང་གིས་ནུས་སྲི་དང་གྲོན་ཆུང་བྱེད་ཐུབ་པའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། རྒྱུ་ཆ་གསར་པ་བཅས་ཧུར་བརྩོན་ཆེན་པོས་ཁྱབ་སྤེལ་དང་བེད་སྤྱོད་བྱས་པ་དང་། ནུས་པའི་འབྱུང་ཁུངས་གསར་པ་དང་བསྐྱར་སྐྱེས་རུང་པའི་ནུས་ཁུངས་བེད་སྤྱོད་བྱ་རྒྱུ་དར་སྤེལ་བྱས་ནས་རིམ་བཞིན་གཞུང་ལམ་ཚན་རིག་དང་མཐུན་པ་དང་། ཕན་ནུས་ཆེན་པོ་ལྡན་པ། ཁོར་ཡུག་སྲུང་སྐྱོང་ཅན་དུ་འགྱུར་བ་བཅས་ཀྱི་བདག་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཕེལ་རིམ་དང་འཚམ་པ་བྱས་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་ངོས་སུ་གནོད་ཐེབས་བཅོས་སྒྲིག་བྱེད་པའི་ལས་གྲྭའི་ཁྲོདLTCཡི་སྣུམ་སྙིགས་བསྐྱར་སྐྱེད་སྲུང་སྐྱོབ་རིམ་པ་དང་། སྦྲང་ཚང་རྣམ་པའི་རྩྭ་འདེབས་ས་སྲུང་སོགས་ལག་རྩལ་གསར་པ་ལག་ལེན་བསྟར་ཡོད། LEDཕུག་ལམ་གློག་སྒྲོན་དང་གློག་རྡུལ་གྱིས་རླངས་འཁོར་འདུག་མི་དགོས་པར་གྲོན་དངུལ་བསྡུ་བ(ETC)སོགས་ལག་རྩལ་གསར་པ་ཁྱབ་གདལ་དང་བེད་སྤྱོད་བཏང་ཞིང་། ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱིETCའཁོར་ལམ་དུ་རིམ་རྩིས་བྱས་ན་རླངས་འཁོར་ཐེངས་གྲངས་ཁྲི4353ཙམ་བཏང་བ་དང་། སྣུམ་ཏུན1366.82ཙམ་གྲོན་ཆུང་ཐུབ།CH(ཐཱན་ཆིང་འགྱུར་འདྲེས་སྦྱོར་རྫས)དང་།CO(དབྱང་གཅིག་ཐཱན་རྫས)NO(ཏན་དབྱང་འདྲེས་སྦྱོར་རྫས)བཅས་ཀྱི་འདྲེས་འགྱུར་རྫས་ཕྱིར་འབུད་བྱེད་ཚད་སོ་སོར་ཏུན30.47དང་ཏུན204.59།ཏུན13.06བཅས་ཇེ་ཉུང་དུ་བཏང་།

ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་བགྲོད་ལམ་སྐྱེལ་འདྲེན་ལས་རིགས་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར། གླ་གཏོང་རླངས་འཁོར་དང་གྲོང་ཁྱེར་གྱི་སྡེབ་སྐྱེལ་ཁྱབ་ཁོངས་བཅས་སུ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་། མིག་སྔར་ཞིང་ཆེན་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་ཁྱོན3751ཡོད་པ་དེའི་ནང་ནུས་རྒྱུ་གཙང་མའི་སྤྱི་སྤྱོད་རླངས་འཁོར་ཁྱོན1446ཡོད་པ་དང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱོན2204ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་གླ་གཏོང་རླངས་འཁོར14127གྱི་ནང་ནུས་རྒྱུ་གཙང་མའི་གླ་གཏོང་རླངས་འཁོར་ཁྱོན9847དང་ནུས་རྒྱུ་གསར་པའི་གླ་གཏོང་རླངས་འཁོར་ཁྱོན1792ཡོད་པ་རེད། དེ་དང་ཆབས་ཅིག་ལྗང་མདོག་ཕན་འབྲས་ཆེ་བའི“ལམ་འདྲེན་ལྕགས་སྒྱུར”དང“ཐོར་སྐྱེལ་མཉམ་སྒྱུར”ཀྱི་ཟོང་འགྲུལ་བྱེད་སྟངས་ནུས་ཤུགས་ཡོད་རྒུས་བཏོད་དེ་སྣ་མང་མཉམ་འདྲེན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གཞུང་ལམ་སྐྱེལ་འདྲེན་ལས་བྱུང་བའི་ཐཱན་འབུད་ཚད་ཉུང་དུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་ལས་རིགས་ཀྱི་ནུས་སྲི་བཙོག་ཉུང་དང་དམིགས་ཚད་ཚད་འབེབས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བཏིང་ཡོད་ལ་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་ཟོང་འགྲུལ་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞོགས་འདེགས་ཡང་མཁོ་འདོན་བྱས།  །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།