ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་བསྡུར་དངོས་སུ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།


11.jpg

ཟླ7ཚེས20ཉིན་གྱི་སྔ་དྲོར་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་གྱི་འགྲན་བསྡུར་སྐབས་བཅུ་པའི་རླངས་འཁོར་གཏོང་བའི་མཛད་སྒོ་དེ་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། སྐབས་བཅུ་པའི་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་འགྲན་བསྡུར་གྱི་རླངས་འཁོར་གཏོང་བའི་མཛད་སྒོ་མཚོ་སྔོན་ཟློས་གར་ཁང་ཆེན་མོར་འཚོགས་པ་རེད། ཡུལ་དངོས་སུ། སྐབས་འདིའི་འགྲན་བསྡུར་ནང་ཞུགས་མཁན་རིག་གནས་དང་ལུས་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་། འགྲན་བསྡུར་ནང་ཞུགས་མཁན་བཟོ་གྲྭ་དང་ཚོང་ལས་ཀྱི་སྐུ་མགྲོན། འཁོར་གཏོང་བ་བཅས་མཉམ་འདུས་ཀྱིས་རླངས་འཁོར་གཏོང་བའི་མཛད་སྒོ་མགོ་བརྩམས་པ་དང་། འཁོར་གཏོང་པ་གྲགས་ཅན་དང་གདན་ཞུའི་འཁོར་གཏོང་བ་རྣམས་ཀྱིས་རིམ་བཞིན་རླངས་འཁོར་གཏོང་སའི་སྟེགས་བུ་བརྒྱུད་པ་དང་། སྐུ་མགྲོན་དང་སྨྱན་སྦྱོར་གྱིས་དཔང་པོའི་འོག་དངོས་སུ་རུ་བསྒྲིགས་ནས་བསྐྱོད།

སྐབས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཚན་རིག་ལག་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱ་ཚོགས་པ་བཅས་ཀྱིས་གཉེར་གཙོ་བྱས་པ་དང་། ཀྲུང་གོ་རླངས་འཁོར་ལས་གྲྭ་ཞིབ་འཇུག་ཁང་དང་ཀྲུང་གོ་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་སྒྲུབ་རོགས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། མཚོ་སྔོན་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་འགྲན་བསྡུར་ཚད་ཡོད་ཀུང་སི་བཅས་ཀྱིས་གཉེར་འགན་འཁུར་བ་རེད།

ཐེངས་འདིའི་འགྲན་བསྡུར་ནང“ངས་མཐོ་སྒང་དུ་ཁྱོད་ལ་བསྒུག་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རླངས་འཁོར་གཏོང་བའི་མཛད་སྒོ་དང་ནུས་པའི་ཞིབ་དཔྱད་འགྲན་བསྡུར། འཁོར་གཏོང་བ་དངོས་མྱོང་། གློག་གྲོན་ཆུང་གིས་མཐུད་གཏོང་། འགྲན་རའི་མྱུར་ཚད་འགྲན་བསྡུར། བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་འདུས་ཡོད་པ་རེད། བཀོད་སྒྲིག་ལྟར་ན། འགྲན་བསྡུར་དེ་ཟླ7པའི་ཚེས20ཉིན་ནས་ཚེས24ཉིན་བར་སྤེལ་རྒྱུ་དང་། བཟོ་གྲྭ་ཆེ་གྲས10ཡི་བཟོ་དབྱིབས་ཐ་དད་པའི་རླངས་འཁོར15འགྲན་བསྡུར་ནང་ཞུགས་ཡོད་པ་རེད། དེའི་རིང་ཁྱོན་འགྲན་མཚམས8བཀོད་སྒྲིག་བྱས་ཡོད་པ་དང་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལོ་རྒྱུས་ཐོག་རིང་ཤོས་ཀྱི་སྤྱི་ལེ1846ཟིན་པ་དང་། འགྲན་ཞུགས་རླངས་འཁོར་རུ་ཁག་ཟི་ལིང་ནས་ཐོན་ཏེ་ནུ་ལྕེ་དང་ཚྭ་ཁ། ཐེམ་ཆེན་རྫོང་། རྐང་ཚ་རྫོང་། རྡུལ་ཕྲན་གྲོང་སོགས་བརྒྱུད་མཐར་ཟི་ལིང་དུ་ལོག་རྒྱུ་རེད།

ཤེས་གསལ་ལྟར་ན། ད་ལོའི་འགྲན་བསྡུར་ཚོགས་ཆུང་གིས་ཞིབ་དཔྱད་ཚད་ལེན་མ་ལག་དང་སྒྲིག་སྲོལ་སྔར་བས་ལེགས་སྒྲིག་ཐུབ་ཡོད་ལ།ཐེངས་འདིའི་འགྲན་བསྡུར་ཐོག“6+1”གི་ཚད་ལེན་ཚོད་ལྟ་བྱེད་མགོ་འཛུགས་རྒྱུ་ཡིན་ལ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལྟེ་བའི་ནུས་པ་ཆེན་པོ6ལ་དམིགས་ནས། འགུལ་འཇགས་ཟུང་འབྲེལ་གྱི་ཁྱོན་ཡོངས་ཕྱོགས་བསྡུས་ཚད་ལེན་མ་ལག་གཏོད་རྒྱུ།ཞིབ་དཔྱད་ཚད་ལེན་བྱེད་སྟངས་རིམ་སྤོར་བྱས་པ་མ་ཟད། ཚོགས་ཆུང་ཁག་བགོས་ཀྱི་ལམ་སྲོལ་ཡང་གསར་བརྗེས་བྱུང་ནས། གློག་ཁོ་ན་དང་རིམ་སྤོར་སོགས་སྒུལ་ཤུགས་ཀྱི་རིགས་སྣ་ཚོགས་ལ་སྔར་བས་ཞིབ་ཚགས་པའི་ཞིབ་དཔྱད་ཚད་ལེན་ཚོགས་ཆུང་གི་རིགས་དབྱེ་ཡོད་པ་རེད།མཐོ་སྒང་མཐོ་རིམ་རིག་ནུས་སྒུལ་གཏོང་རམ་འདེགས་ཀྱི་འཁོར་སྐོར་རྣམ་གྲངས་ཐོག་མར་བཏོན་པ་དང་ཆབས་ཅིག་ཆེད་ལས་ཀྱི་རླངས་འཁོར་གཏོང་མཁན་དང་། གཙོ་རྒྱུགས་སྨྱན་སྦྱོར་ཚན་པ། རོལ་རྩེད་པ་གྲགས་ཅན། སྤྱི་ཚོགས་ཐོག་གི་མང་ཚོགས་བཅས་མཉམ་དུ་འགྲན་བསྡུར་དང་ཚོད་ལྟ་ཉམས་ལེན་གྱི་ཚན་པའི་ནང་ཞུགས་རྒྱུའི་གདན་ཞུ་བྱས་པ་རེད།

ཉིན་དེར་རླངས་འཁོར་གཏོང་བའི་མཛད་སྒོ་མཇུག་བསྒྲིལ་རྗེས་འགྲན་བསྡུར་ནང་ཞུགས་པའི་རླངས་འཁོར་ཚང་མ་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་མེ་ཡུས་ཟམ་ཆེན་དུ་འཛོམས་ནས་ནུས་པ་ཞིབ་དཔྱད(ཇེ་མགྱོགས་སུ་གཏོང་བ་དང་ཚོད་འཛིན་བྱེད་པ)དང་ཚན་རྩལ་སྒྲིག་བཀོད་ཞིབ་དཔྱད(རང་འགུལ་ངང་རླངས་འཁོར་འཇོག་པ།རང་ངོས་ཀྱིས་ཞིབ་དཔྱད།རིག་ནུས་སྐད་སྒྲའི་ལྷན་སྦྲེལ་ཞིབ་དཔྱད།ཕྱི་དབྱིབས།)དང་ལེན་བྱེད་པ་རེད།

མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་གྱི་འགྲན་བསྡུར་དེ་ད་བར་དུ་སྐབས་དགུ་བདེ་བླག་ངང་གཉེར། མཚོ་སྔོན་གྱིས་འགྲན་བསྡུར་དང་བྱེད་སྒོ་རིམ་སྤེལ་གྱིས་འགྲན་བསྡུར་གྱི་ནང་དོན་དང་ལྟ་ཕྱོགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་བརྒྱུད། སྲིད་ཇུས་བགྲོ་གླེང་དང་ལག་རྩལ་ཞིབ་དཔྱད། ཐོན་རྫས་དངོས་མྱོང་ཁྱབ་བསྒྲགས་ཀྱི་ཀྲུང་གོའི་གློག་སྒུལ་རླངས་འཁོར་འཕེལ་རྒྱས་གྲུབ་འབྲས་གཅིག་སྡུད་ཐོག་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཡོད། གཞན་ཡང་འགྲན་བསྡུར་དེ་སྒེའུ་ཁུང་དུ་བྱས་ནས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ལིས་ཀྱི་ཐོན་ཁུངས་དང་གསར་སྤེལ་གྱི་ལེགས་ཆ་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ཕྱི་ཕྱོགས་སུ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འོས་སྦྱོར་བྱས་པ་རེད།  །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།