ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྤོ་སྒུལ(མཚོ་སྔོན)ས་མཐོའི་གཞི་གྲངས་ཆེན་མོའི་ལྟེ་གནས་རིམ་སྤོར་བསྒྱུར་བཀོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན་གསར་འགོད་པས་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་མཚོ་སྔོན་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཉེ་ཆར་ཀྲུང་གོའི་སྤོ་སྒུལ(མཚོ་སྔོན)ས་མཐོའི་གཞི་གྲངས་ཆེན་མོའི་ལྟེ་གནས(གཤམ་དུ“ས་མཐོའི་གྲངས་གཞི་ཆེན་མོའི་ལྟེ་གནས”ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་རིམ་སྤར་བསྒྱུར་བཀོད་བྱས། “ཐཱན་མེད་པ་དང་མགྱོགས་མྱུར། ཕན་འབྲས་ཆེ་བ། རིག་ནུས། བདེ་འཇགས”བཅས་ཀྱི་གཞི་གྲངས་ཆེན་མོའི་གདེང་འཇོག་ཚད་གཞི་བཏོན་ནས་ལྗང་མདོག་ཐཱན་ཉུང་གཞི་གྲངས་ལྟེ་གནས་ཀྱི་གདེང་འཇོག་མ་ལག་གསར་པ་བཙུགས།

རབས་གསར་བའི་ལྗང་མདོག་ཐཱན་ཉུང་གཞི་གྲངས་ལྟེ་གནས་ཀྱིས“ཁུངས་དྲ་ཁུར་གསོག“ཐཱན་མེད་འཁོར་སྐྱོད་ཐུབ་པར་དམིགས་པ་དང་། ཚ་རྒྱུ་ཕྱིེར་བསྡུ་ལག་རྩལ་སྤྱད་ནས་ནུས་རྒྱུ་ལུགས་མཐུན་བེད་སྤྱོད་བྱ་རྒྱུ་མངོན་འགྱུར་བྱེད་པ། གླིང་ཁུལ་གྱི་གློག་སྤྱོད་ཤོང་ཚད་བསྡོམས་འབོར3%ནས5%བར་ཇེ་དམའ་རུ་གཏོང་བ། གླིང་ཁུལ་གྱི་འོད་འདུས་རྣམ་པའི་འོད་ཤུགས་རང་སྤྱོད་དང་གཞུང་ལས་ལ་སྤྱོད་པའི་གློག་དེ་གྲོང་ཁྱེར་གྱི་གློག་ལ་བརྟེན་པ་ཇེ་ཉུང་དུ་གཏོང་བ། ལྗང་མདོག་ནུས་རྒྱུའི་བསྡུར་ཚད་མཐོ་རུ་གཏོང་བ། གློག་ཟད་གྲོན་ཉུང་དུ་གཏོང་བ། ནུས་རྒྱུ་གསོག་འཇོག་ཕྱོགས་བསྡུས་བཀོད་གཏོང་དང་སྙོམས་སྒྲིག་བྱས་ནས་ཚད་ལས་བརྒལ་བའི་གློག་ཤུགས་ཟད་གྲོན་ཇེ་ཆུང་དུ་བཏང་། ཟི་ལིང་གི་རྒྱལ་ཁབ་རིམ་པའི་འཕྲིན་སྦྲེལ་དྲ་བའི་རྐང་འཛིན་པའི་ཐད་སྦྲེལ་ས་ཚིགས་དང་། འོད་དྲྭ་ཡོངས་དངIPv6+ཞབས་མཐིལ་གཉིས་ཅན་ལ་བརྟེན་ནས“ཚད་བརྒལ་བཞིའི”འོད་འདྲེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་བཏོད་དེ། དྲ་ཆེན་པོ400GདངOXCབཀོད་གཏོང་། འབྲེལ་ལམ་གྱི་རིམ་པ་མང་བའི་སྲུང་སྐྱོང་། འཕྲིན་ལམ་གྱི་རླབས་ཕྲེང120སོགས་སྔོན་ཐོན་ལག་རྩལ་བྱེད་ཐབས་བརྒྱུད་མགྱོགས་ཚད་མྱུར་ཞིང་བློས་འགེལ་ཆོག་པའི་དྲ་ལེགས་པོའི་དམིགས་ཚད་མངོན་འགྱུར་ཐུབ་པར་བརྩོན་ལེན་བྱས། ཞིང་ཆེན་ནང་ཁུལ་གྱི་ཟི་ལིང་ནས་མཚོ་ཤར་བར1msདང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི5ms། ཀན་ཉིང་ལྟེ་བའི་ཚོགས་པའི་ཁྱབ་ཁོངས་ནང་གི5ms། མཚོ་སྔོན་ནས་རྒྱལ་ཡོངས་ཀྱི20msཡི“1-5-5-20ms”ཡི་མྱུར་ཚད་ཆེས་མགྱོགས་པའི་དྲ་རྒྱ་བཏོད་དེ་སྤུས་ཚད་སྦྲེལ་མཐུད་དང་ཕན་འབྲས་ཆེ་བའི་སྒོ་ནས་ལས་རིགས་ཀུན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

ཤེས་གསལ་ལྟར་ན། མཚོ་སྔོན་གྱི་སྤོ་སྒུལ་ས་མཐོའི་གཞི་གྲངས་ཆེན་མོའི་ལྟེ་གནས་ནི་ཞིང་ཆེན་ནང་ཁུལ་དུ་ལག་བསྟར་བྱས་པ་སྔ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ལྗང་མདོག་གཞི་གྲངས་ལྟེ་གནས་ཤིག་ཡིན་པ་དང་། རྒྱལ་སྤྱི་རྒྱལ་ནང་དང་ལས་རིགས་ཀྱི་ཁས་ལེན་དཔང་འདོན་ཐོབ་ལ། ISO20000/I-SO27001དང་སྐར་ལྔའི་རིམ་པའི་སྤྲིན་གཞི་གྲངས་ལྟེ་གནས་དང་དེ་བཞིན་འགན་ལེན་རིམ་པ་གསུམ་སོགས་ཀྱི་ཐོབ་ཐང་དང་ཁས་ལེན་དཔང་འདོན་ཐོབ་ཡོད་པ་རེད། 2022ལོར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་གཞི་གྲངས་གསར་པའི་ལྟེ་གནས་ཀྱི་དཔེ་གཞིའི་མིང་ཐོ(2021ལོ)》ཁྲོད་ཚུད་དེ་རྒྱལ་ཁབ་ལྗང་མདོག་ཐཱན་ཉུང་གཞི་གྲངས་ལྟེ་གནས་སུ་གྱུར། དེ་ཡང་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་ལས་རིགས་ཁྲོད་བདམས་པའི་གཞི་གྲངས་ལྟེ་གནས་ཁོ་ན་ཡིན། 2023ལོར་བཟོ་འཕྲིན་པུའུ་དང་འཕྲིན་གཏོང་ཁང་། སྒོ་འབྱེད་གཞི་གྲངས་ལྟེ་གནས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིས་མཉམ་འབྲེལ་ཐོག་སྤྲད་པའི་གཞི་གྲངས་ལྟེ་གནས་ཀྱི་ལྗང་མདོག4Aརིམ་པའི་དཔྱད་དཔོག་ཁས་ལེན་ཐོབ་པ་དང་མིག་སྔའི་བར་མཚོ་བོད་ས་མཐོའི་འཁོར་སྐྱོད་རིགས་ཀྱི4Aརིམ་པའི་ལྗང་མདོག་གཞི་གྲངས་ལྟེ་གནས་འབའ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།