ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཐཱན་མེད་གཞི་གྲངས་ལྟེ་གནས་ཐོག་མ་སྤྱོད་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ7ཚེས12ཉིན“རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ”ཐེངས་བཅུ་གཅིག་པར། ཀྲུང་གོའི་གློག་འཕྲིན་གྱིས་མཚོ་སྔོན་ཟི་ལིང་དུ“ཐེན་དབྱི་སྤྲིན་ལྗང་མདོག་གསོག་འཇོག་རྟེན་གཞི་དང་ཀྲུང་གོའི་གློག་འཕྲིན་ལྗང་མདོག་ཐོན་རྫས་ཁྱབ་བསྒྲགས་ཚོགས་འདུ”འཚོགས། ཚོགས་ཐོག་ཏུ་ཀྲུང་གོའི་གློག་འཕྲིན་གྱིས་ཐཱན་མེད་གཞི་གྲངས་ལྟེ་གནས་དང་ཐཱན་མེད་སྤྲིན་སོགས་ལྗང་མདོག་ཐོན་རྫས་ཆེ་གྲས་དྲུག་དང《ཀྲུང་གོའི་གློག་འཕྲིནICTནུས་འདོན་ཐཱན་ཉུང་གི་རྒྱབ་ཤ་དཀར་པོའི་དེབ》ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོའི་གློག་འཕྲིན་དང་མཉམ་ལས་རོགས་པ་གལ་ཆེན་གྱིས་ལྗང་མདོག་ཐོན་ལས་འཕྲེང་འབྲེལ་གྱི་སྐྱེ་ཁམས་མཉམ་ལས་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད། ཁྱབ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཀྲུང་གོའི་གློག་འཕྲིན་གྱིས་ནུས་བསྲི་ཐཱན་ཉུང་གི་ལག་རྩལ་གསར་པ་བཀོལ་སྤྱོད་བྱ་རྒྱུ་དེ་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་དུ་བརྩིས་ནས་ལྗང་མདོག་ཐོན་རྫས་གསར་གཏོད་མ་ལག་བརྒྱུད་ནུས་རྒྱུ་དང་འཕྲིན་གཏོང་ལ་ཐཱན་གཉིས་གསར་གཏོད་འཕེལ་རྒྱས་བཏང་ཡོད།

ད་ཐེངས་ཁྱབ་བསྒྲགས་བྱས་པའི་ཐཱན་མེད་གཞི་གྲངས་ལྟེ་གནས་ནི་རྒྱལ་ཡོངས་ཀྱི་ཐོག་དང་པོའི་རང་ངོས་ཀྱི་གསོག་འཇོག་ཐཱན་འདུས་ལ་བརྟེན་ནས“ཐཱན་སྙོམ་སྦྱོར”མངོན་འགྱུར་བྱེད་པའི་གཞི་གྲངས་ལྟེ་གནས་ཤིག་རེད། “ལྗང་མདོག་དང་ཐཱན་མེད། ཁུངས་འདེད་ཆོག་པ”བཅས་དཔེ་མཚོན་ཁྱད་ཆོས་སུ་བྱས་ནས་གཞི་གྲངས་ལྟེ་གནས་ཀྱིས་ལོ་ཧྲིལ་པོར་ཉིན314ཡི་ནང་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་སྤྱོད་ཀྱི་མེད་པ་དངPUEགྲངས་ཡང1.2མན་རྒྱུན་འཁྱོངས་ཐུབ་ཡོད། ཐེན་དབྱི་ཐཱན་མེད་སྤྲིན་གྱིས་ཐཱན་མེད་གཞི་གྲངས་ལྟེ་གནས་ལ་གཞི་བཅོལ་ནས་སྲ་ཆས་ཀྱི་གཏན་སྲོལ་དང་རིག་ནུས་བཀོད་གཏོང་གཉིས་ཀྱི་ཐོག་ནས་ཐེན་དབྱི་སྤྲིན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེCPUདང་རང་བརྟེན་གསར་བཟོའིDPUབརྒྱུད15%ཡན་གྱི་རྩིས་ནུས་ཆེ་རུ་བཏང་བ་དང་ཟད་གྲོན་ཆུང་དུ་བཏང་ཡོད། རིག་ནུས་བཀོད་གཏོང་བྱས་པ་བརྒྱུད་ཐོན་ཁུངས་ཀྱི་སྤྱོད་ཚད15%མཐོ་རུ་ཕྱིན་ནས་གློག་ཤུགས་ཟད་གྲོན་མར་ཆག་ཚད30%ལ་སླེབས་་ཡོད་པ་རེད།

ཀྲུང་གོའི་གློག་འཕྲིན་གྱིས་ད་དུང་ཐཱན་ཉུང་སྤྲིན་རྩིས་ནུས་ཤུགས་ཀྱི་གཞི་རྟེན་བྱས་ནས་ལྗང་མདོག་སྤྲིན་གློག་ཀླད་ཁྱབ་གདལ་བཏང་བར་ནུས་རྒྱུ་ཟད་གྲོན་ཉུང་བ་དང་ལྗང་མདོག་གི་གློག་ཀླད་ཅོག་ངོས་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། དོས་ཁང་ཆ་ཚང་བའི་ལག་རྩལ་བརྒྱུད་རྩིས་ནུས30%མཐོ་རུ་ཕྱིན་ཡོད། ལྗང་མདོག་སྤྲིན་སྡེར་ཐཱན་ཉུང་ལས་སྒྲུབ་རྣམ་པར་དམིགས་ནས་ཐེན་དབྱི་སྤྲིན་སྡེར་ལྗང་མདོག་བར་སྟོང་གི་ཐོན་རྫས་དང་ལྗང་མདོག་ཉེར་སྤྱོད་ཁྱབ་གདལ་བཏང་ཡོད། ལྗང་མདོག་ཐཱན་ཉུང་གི་ཆ་འཕྲིན་འཛད་སྤྱོད་ལ་སྐུལ་མ་གཏོང་བ་དང་ལྗང་མདོག་འཚོ་བ་དར་སྤེལ་བཏང་སྟེ་ཀྲུང་གོའི་གློག་འཕྲིན་ལྗང་མདོག་འཛད་སྤྱོད་ཀྱི་ཆ་བསགས་གསར་བ་བཏོན་ཏེ་འཛད་སྤྱོད་པའི་ལྗང་མདོག་འཛད་སྤྱོད་ཀྱི་ཤེས་ཚོར་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།