ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་གཙོད་ཕྲུག་དང་ཉེ་བར་བཅར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། གཙོ་བོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་། བོད་ལྗོངས་བྱང་ཐང་། ཞིན་ཅིང་ཨ་འུར་ཅིན་ཧྲན་སོགས་ཀྱི་ས་ཁུལ་དུ་ཁྱབ་ཡོད། ལོ་རེའི་ཟླ5བ་ནས་ཟླ7པ་ནི་གཙོད་ཁྱུའི་གནས་སྤོར་ནས་གཙོད་ཕྲུག་བཙའ་བའི་དུས་ཚིགས་ཡིན། ཕྲུ་གུ་བཙའ་བའི་གཙོད་ཁྱུ་རིམ་བཞིན་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནང་མཚོ་འགྲམ་རྒྱུད་དུ་གནས་སྤོར་ནས་གཙོད་ཕྲུག་བཙའ་བཞིང་། ཟླ7པའི་ཟླ་སྨད་དུ་ཕྲུ་གུ་བཙས་རྗེས་གཙོད་ཁྱུ་ཀྱིས་གཙོད་ཕྲུག་ཁྲིད་ནས་ཡང་བསྐྱར་སྔོན་གྱི་འཚོ་སྡོད་གནས་སུ་བསྐྱོད་པ་རེད།

གནས་སྤར་བའི་སྐབས་སུ་གཙོད་ཕྲུག་གསར་སྐྱེས་རིགས་དགྲ་དང་གནམ་གཤིས་ཚབས་ཆེན་དང་གཡོལ་བའི་གོ་རིམ་ཁྲོད་ཨ་མ་དང་ཁ་འཐོར་དུ་འགྲོ་སླ་བ་དང་། གཙོད་ཕྲུག་དེ་དག་རིགས་ལ་རོགས་སྐྱོབ་བྱ་ཆེད། སྲུང་སྐྱོང་ལས་ཁུངས་དང་བྱམས་ལྡན་ཁེ་ལས་ཀྱིས་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཞིག་བཙུགས་ནས་གཙོད་ཕྲུག་སྐྱོབ་པ་རེད། མིག་སྔའི་བར་དུ་གཙོད་ཕྲུག50ལྷག་རོགས་སྐྱོབ་ལྟེ་གནས་ནས་རང་བྱུང་ཁམས་སུ་བསྐྱོད་པ་དང་། ད་དུང་རོགས་སྐྱོབ་ཐོབ་པའི་གཙོད་ཕྲུག6གནས་དེར་འཚོ་སྡོད་བྱེད་བཞིན་ཡོད། །

3.jpg

  འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་ཡོད་པའི་གཙོད་ཕྲུག་རེད།

4.jpg

 འདི་ནི་འགུལ་སྐྱོད་བྱེད་བཞིན་པའི་གཙོད་ཕྲུག་ཅིག་རེད།

5.jpg

 འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་ཞིབ་པ་བཀྲ་ཤིས་སངས་འབྲུག་གཙོད་ཕྲུག་ཅིག་དང་མཉམ་དུ་ཡོད་པའི་ཚུལ་རེད།

9.jpg

 འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་ཞིབ་པ་ཚེ་དབང་རྡོ་རྗེ་ཡིས་གཙོད་ཕྲུག་ཅིག་གི་བདེ་ཐང་གནས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

3.jpg

 འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་ཡོད་པའི་གཙོད་ཕྲུག་གཉིས་ཡིན། 

11.jpg

 འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་ཡོད་པའི་གཙོད་ཕྲུག་ཅིག་རེད། 

12.jpg

འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ཅིག་རོགས་སྐྱོབ་ལྟེ་གནས་མངའ་ཁོངས་སུ་བརྒྱུད་བཞིན་པའི་ཚུལ་རེད། 

13.jpg

འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ཅིག་རོགས་སྐྱོབ་ལྟེ་གནས་མངའ་ཁོངས་སུ་བརྒྱུད་བཞིན་པའི་ཚུལ་རེད། 

14.jpg

འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་ཞིབ་པ་ཚེ་དབང་རྡོ་རྗེ་ཡིས་གཙོད་ཕྲུག་ཅིག་གི་བདེ་ཐང་གནས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

15.jpg

འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱི་ཟུར་ཞིག་རེད།

16.jpg

འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་ཞིབ་པ་ཚེ་དབང་རྡོ་རྗེ་གཙོད་ཕྲུག་ཅིག་དང་མཉམ་དུ་ཡོད་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།