ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་དབུས་ནུབ་རྒྱུད་མཐུན་སྦྱོར་ཞིང་ཆེན་དང་གྲོང་ཁྱེར་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་དབུས་ནུབ་རྒྱུད་མཐུན་སྦྱོར་ཞིང་ཆེན་དང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིི་ཅིན་ཕིང་གིས་རིག་རྩལ་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་གཞུང་ལུགས་ཞིབ་བརྗོད་ཏན་ཏིག་གིས་ལག་ལེན་མཐར་ཕྱིན་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་དུས་སྐབས་གསར་བའི་ཁ་གཏད་རོགས་སྐྱོར་དང་། དབུས་ནུབ་རྒྱུད་མཐུན་འགྲིག་བྱ་བའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། རིག་རྩལ་མཚོ་སྔོན་རོགས་སྐྱོར་ལ་གྲོས་མོལ་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས། 

ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ལི་དབྱི་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཧུ་ལུའུ་ཁྲུན་གྱིས་ཤིས་ཚིག་ཕུལ། མཚོ་སྔོན་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་པས་རིག་རྩལ་མཚོ་སྔོན་རོགས་སྐྱོར་འཐབ་ཇུས་མཉམ་ལས་འཐབ་ཇུས་སྒྲིག་གཞི་གྲོས་གཞིར་མིང་རྟགས་བཀོད། ཀྲུང་གོའི་ཞབས་བྲོའི་མཐུན་ཚོགས་དང་ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད། 

ལི་དབྱི་ཡིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་རོགས་སྐྱོར་མཉམ་ལས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏན་ཏིག་གིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་མཐུན་སྦྱོར་བྱ་བའི་བླང་བྱ་དོན་འཁྱོལ་དང་། རང་སྟེང་གི་དངོས་ཡོད་དོན་དངོས་དང་ཟུང་འབྲེལ་སྒོས། “དགེ་མཚན་གཉིས”འདོན་སྤེལ་བྱས་ཏེ། མཚོ་སྔོན་མི་དམངས་ཀྱིས་མདུན་བསྐྱོད་ཀྱི་ལམ་བུའི་སྟེང་རིག་གནས་གཞོགས་འདེགས་དང་བསམ་བློའི་སྒུལ་ཤུགས་མཁོ་འདོན་བྱས་ཟེར། ཁོའི་ནན་གྱིས་བསྟན་དོན། རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་གིས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་འཐབ་ཇུས་ཁོང་དུ་ཆུད་པར་བྱེད་པ་དང་། རང་འགུལ་ངང་བྱ་བའི་མགོ་རྩོམ་ས་དང་། ཟུང་འབྲེལ་བྱེད་ས་བཙལ་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི“ངེས་ལེན་ལྔ”དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། མ་འོངས་གསར་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་རོགས་སྐྱོར་བྱ་བའི་སྒྲིག་སྲོལ་གྱི་བྱེད་ནུས་འདོན་སྤེལ་དང་། རིག་རྩལ་གྱིས་མཚོ་སྔོན་རོགས་སྐྱོར་བརྗོད་དོན་རིག་རྩལ་བརྗེ་རེས་བྱ་འགུལ་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་གཙོ་གནད་རིག་རྩལ་སྐོར་བསྐྱོད་འཁྲབ་སྟོན་ལས་གཞི་འོས་སྦྱོར་བྱེད་པ་དང་། མཚོ་སྔོན་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་གྱི་ཐུན་མོང་སྟོབས་ཤུགས་ཀྱིས་ལས་གཞི་སྐོར་ཞིག་དོན་འཁྱོལ་དང་། ཕན་ནུས་མཐོར་འདེགས་སུ་བཏང་ནས། མཚོ་སྔོན་གྱི་རིག་རྩལ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་རོགས་སྐྱོར་གྱི་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་བ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཚང་མས་མཚོ་སྔོན་གྱི་རྒྱབ་སྐྱོར་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས། ཁྲེན་ཀང་གིས་བཤད་རྒྱུར། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་དེ་མཚོ་སྔོན་དུ་བཞག་ཅིང་། རིག་རྩལ་པའི་འཐུས་ཚབ་པ་མཐོ་སྒང་དུ་ལྷན་འཛོམས་བྱུང་ནས། མཚོ་སྔོན་རིག་རྩལ་ལས་དོན་དང་ཐ་ན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས། མཚོ་སྔོན་གྱི་རི་ཆུ་མཛེས་ཤིང་། མཐོ་སྒང་གི་ཡུལ་གྲུ་སྟེང་དུ། ལས་སྐྲུན་ལ་འབད་པའི་འཐེན་ཐུག་པ་ཡོད་ལ ། ཁྱིམ་གཞི་སྲུང་བའི་སྐྱེ་ཁམས་བདག་པ་ཡོད་པ་དང་། གཅེས་སུ་འོས་པའི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་གཏོང་ཕོད་མཁན་དང་། དྲིན་གཟོའི་ཡར་སྐུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱང་ཡོད། རེ་བར་སྒྱུ་རྩལ་བ་ཚོས་མཚོ་སྔོན་གྱི་མི་ཚུལ་སྙིང་སྟོབས་དང་། རིག་གནས་མཛེས་པ། རིག་གནས་ཀྱི་རྨང་སྔོག་འདོན་བྱེད་ཅིང་། མཚོ་སྔོན་གྱི་གཏམ་རྒྱུད་མང་པོ་རྙེད་ཅིང་། རབ་མཛེས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་སྙིང་གནང་རྒྱུའི་འདོད་ཚུལ་བསྟན། རེ་བར་མཚོ་སྔོན་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། གཅིག་མཐུན་འདོད་བློ་ཡར་སྐུལ་དང་། མཉམ་ལས་ལ་སྐུལ་འདེད་བཏང་ནས། རིག་རྩལ་གྱི་མཚོ་སྔོན་རོགས་སྐྱོར་བྱ་བ་དེ་གསར་རྩོམ་གྱི་བཟོ་སྐྲུན་ཞིག་དང་། འཇོན་མིའི་བཟོ་སྐྲུན། མི་སེམས་བཟོ་སྐྲུན་ཞིག་ཏུ་གསར་སྐྲུན་བྱེད་པའི་རེ་བ་བསྟན། མཚོ་སྔོན་གྱིས་དྲིན་གཟོའི་སེམས་པས་བྱ་བར་སྐུལ་འདེད་དང་། ཕྱོགས་སོ་སོ་དང་མཉམ་དུ་མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་། དབུས་ནུབ་རྒྱུད་མཐུན་སྦྱོར་བྱ་བ་དེ་སྔར་ལས་མཚར་སྡུག་ཅན་དུ་བཏང་ནས། གཡུར་དུ་ཟ་བའི་འབྲས་བུ་ལེན་པར་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་བསྟན། 

ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། རྒྱལ་ཡོངས་རིག་རྩལ་པའི་མཐུན་ཚོགས། མཚོ་སྔོན་རོགས་སྐྱོར་མཉམ་ལས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རང་ཞིང་གི་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མིའི་སྣེ་ཁྲིད། ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་སྒྲུབ་པའི་འཐུས་ཚབ་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།