ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི9.93གསར་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། 2019ལོ་ནས་བཟུང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟན་འབྲུ་གསོག”འཐབ་ཇུས་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། རྨོ་ཞིང་གི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་འགྲོ་བར་འདེགས་སྐྱོར་བྱས་ནས། 2022ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར28.65བཏང་སྟེ། ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི9.93གསར་དུ་བསྐྲུན་ནས། ཕན་འབྲས་ཆེ་བའི་ཆུ་འདྲེན་ས་ཞིང་བསྡོམས་པས་སྤྱི་ཆིང་ཁྲི1.71འཕེལ་རྒྱས་སུ་བཏང་། 

མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཨང་དང་པོར་བརྩིས་ཏེ། ས་ཞིང་ཁོད་སྙོམ་པ་དང་། ས་རྒྱུ་ལེགས་བཅོས། ཆུ་བེད་སྒྲིག་བཀོད། ཞིང་སའི་བགྲོད་ལམ། ཞིང་སའི་འགོག་སྲུང་ནགས་ཚལ། ཞིང་སའི་སྐྱེལ་འདྲེན་གློག་སྡེབ་བཅས་དང་ལས་གཞི་གཞན་དག་འཛུགས་སྐྲུན་སོགས་ཕྱོགས་བསྡུས་ཀྱི་ཇུས་གཞི་བཏོན་ཏེ། རྨོ་ཞིང་གི་སྤུས་ཀ་མངོན་གསལ་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་ལོ་རེ་བཞིན་ཇེ་མང་དུ་སོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།