ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་ལུང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས་ཞིང་བའི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་གྱི་དམིགས་འབེན་དང་དམ་དུ་འབྲེལ་ཏེ། ཞིང་ཕྱུགས་ལས་ཚན་རྩལ་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། དམངས་ཕན་ཁ་གསབ་སྲིད་ཇུས་དོན་འཁྱོལ། ལས་ཞུགས་ཀྱི་ཡོང་སྒོ་འཕར་བའི་བྱེད་ཐབས་རྒྱ་བསྐྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྤུས་ཚད་མཐོ་རུ་བཏང་ནས། རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་ལ་སྐུལ་འདེད་བཏང་། 

ཧྭ་ལུང་རྫོང་གིས་ཚན་རྩལ་ཤུགས་དྲག་དང་། ཐོན་ལས་རྐྱང་བ་མཐོར་འདེགས། ཕན་ཁེ་མཐོར་འདེགས་སུ་གཏོང་བར་བརྟེན་ནས། སྔོན་ཐོན་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། རྣམ་པ་གསར་བའི་ཞིང་ལས་ཚོང་གཉེར་གསོ་སྐྱོང་བྱེད་པ་དང་། ཚ་ཕུག་གི་ཞོག་ཁོག་སོགས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་བཏང་བ་མ་ཟད། དུས་ལྟར་ཞིང་ལས་ཉེན་སྲུང་དང་། སློབ་གསོའི་དངུལ་བུན་གཏོང་བ། ཞིང་སྡེའི་མ་མཐའི་འགན་སྲུང་། སྤྱི་ཕན་ལས་གནས་ཁ་གསབ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སོགས་དུས་ལྟར་བྱིན་ནས། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས། མགྱོགས་མྱུར་ངང་དཔའ་ལུང་གི་གཙགས་དྲུབ་དང་། འཐེན་ཐུག དབྱར་རྩྭ་དགུན་འབུ་བརྐོ་བ་སོགས་ཁྱད་ལྡན་ངལ་རྩོལ་ནུས་ཤུགས་ཟོང་རྟགས་གསོ་སྐྱོང་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་རྩལ་ནུས་གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་བཏང་ནས། དབུལ་ཐར་མི་གྲངས་དང་ཡོང་སྒོ་དམའ་བའི་མི་གྲངས་ལ་འཐེན་ཐུག་འཐེན་པ་དང་། ས་བརྐོ་འཕྲུལ་ཆས་སོགས་ལས་ཞུགས་ཀྱི་ལས་རིགས་གསོ་སྦྱོང་བྱས་ཏེ། དབུལ་ཐར་མང་ཚོགས་ལས་ཞུགས་ལ་སྐུལ་འདེད་བཏང་། ད་ལྟའི་བར་དུ། རྫོང་ཡོངས་སུ་དུད་ཁྱིམ4272ཡི་མི16137གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི2174.47བྱིན་པ་དང་། དུད་ཁྱིམ374ཡི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་མི1501ལ་དབུལ་ལོགས་འགོག་སྲུང་མ་དངུལ་སྒོར་ཁྲི210.17བྱིན། 

སྐྱེ་ཁམས་བདག་སྐྱོང་པ་དང་འཕྲོད་བསྟེན་བདག་སྲུང་བ། ལམ་སྲུང་པ། སྐོར་སྐྱོད་ལྟ་སྲུང་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཤུགས་ཚད་ཆེ་རུ་གཏོང་བ་དང་། སྡེ་བ་རིམ་པའི་འོད་ནུས་ཁེ་ལན་གྱི40%སྤྱི་ཕན་ལས་གནས་འཕེལ་རྒྱས་ཐད་བཀོལ་བ་དང་། དོན་དངོས་དགོས་མཁོ་ལྟར་སྡེ་བ་རིམ་པའི་སྤྱི་ཕན་ལས་གནས་དང་ཟུང་འབྲེལ་སྒོས། དབུལ་ཐར་དུད་ཁྱིམ་དང་ཡོང་སྒོ་དམའ་བའི་དུད་ཁྱིམ་གྱི་ལས་ཞུགས་སྔོན་ལ་བཀོད་སྒྲིག་བྱས་ཤིང་། དབུལ་ཐར་མང་ཚོགས་དང་དབུལ་བོར་འགྱུར་སླ་བའི་མང་ཚོགས་ཁྲི1.3ཡན་གྱི་ལས་ཞུགས་གཞི་ཁྱོན་རྒྱུན་འཁྱོངས་བྱས་པ་དང་། ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་འདོད་བློ་ཡོད་པའི་གནས་སྤོར་དུད་ཁྱིམ་ལ་ཆ་སྙོམས་ཀྱི་མི1ཡན་གྱི་ལས་ཞུགས་གཏན་འཇགས་མངོན་འགྱུར་བྱུང་།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།