ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“ཁེ་ལས་ཀྱི་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་འགུལ་སྐྱོད”དང་དེ་བཞིན་གཙོ་གནད་ཁེ་ལས་ཀྱི་ལས་མི་སྤྱོད་པའི་ཞབས་ཞུ་འགན་ལེན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་ལ་མུ་མཐུད་ཤུགས་སྣོན་པ་དང་། ཞབས་ཞུ་འགན་ལེན་གྱི་དྲོད་ཚད་མཐོ་རུ་གཏོང་བ། རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་བྱེད་སྟངས་གསར་གཏོད་ཟམ་མི་ཆད་པར་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་འགུལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱ་བའི་རྣམ་པ་གཏོད་པ་བཅས་བྱས་ནས་རྩ་འཛུགས་ཀྱི་གཞི་ཁྱོན་ལྡན་པའི་ངལ་ནུས་ཕྱིར་གཏོང་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས། མིག་སྔའི་བར་ཞིང་ཆེན་ཡོངས་སུ་ཁྱོན་གཞི་ཁྱོན་ཅན་གྱི་ལས་ཞུགས་གཞན་སྒྱུར་བྱེད་མཁན་མི་ཐེངས་ཁྲི12ཙམ་ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི47.6%མངོན་འགྱུར་བྱས། 

ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ས་ཁུལ་དེ་གའི་ཐོན་ལས་ཀྱི་ཁྱད་ཆོས་དང་ངལ་རྩོལ་ནུས་ཤུགས་ཀྱི་ཁྱད་ཆོས་ལ་དམིགས་ནས། གཞི་ཁྱོན་ལྡན་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་སྲིད་ཇུས་ཀྱི་གསལ་ཐོ་སྔར་བས་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་བ་དང་། ཁེ་ལས་ཀྱིས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི“ཐད་ཀར་ཁ་གསབ་དང་མགྱོགས་མྱུར་སྒྲུབ་པའི”བྱ་དགའ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ལས་རིགས་གསོ་སྦྱོང་གི་ཁ་གསབ་དང་། ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ། ངལ་ནུས་བར་ཁེ་བ་བྱ་དགའི་ཁ་གསབ་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་། རང་འགུལ་ངང་གྲོང་གསེབ་དར་སྤེལ་གཏོང་བའི་སྡེ་ཁག་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་དང་ལྟ་ཞིབ་དང་རོགས་སྐྱོར་བྱ་ཡུལ་ལ་ཞིང་ཆེན་ཕྱི་རོལ་དུ་སྒྲིག་འཛུགས་བྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གྱིས་གཅིག་སྡུད་ཐོག་ཕྱིར་གླ་པར་སྐྱོད་མཁན་ལ་འགན་ལེན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། ངལ་རྩོལ་ནུས་ཤུགས་འགྲོ་སྐྱོད་ཀྱི་མ་གནས་ཇེ་དམའ་རུ་བཏང་། དེ་དང་ཆབས་ཅིག་རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་དང་། ཤང་གྲོང་དང་སྡེ་བའི“ཨུ་ལྷན་གཉིས”སྡེ་བར་བཅའ་སྡོད་ལས་དོན་ཚོགས་ཆུང་སོགས་གཞི་རིམ་གྱི་ལས་དོན་སྟོབས་ཤུགས་སྐུལ་སློང་བྱས་ཏེ། རང་འགུལ་ངང་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དགོས་མཁོ་མཐིལ་རྟོགས་དང་ཕྱིར་གླ་པར་སྐྱོད་པའི་རྩིས་ཐོ་བཟོས་ནས་དུས་ཐོག་ཏུ་རིགས་དབྱེ་མཛུབ་ཁྲིད་དང་རོགས་སྐྱོར་བྱས། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་བསྟུན་གང་ཐུབ་བྱས་ཏེ་ལས་ཀ་དཀྱུས་མ་དང་། བཀོལ་སྤྱོད་བཟོ་པ། ལས་ཀ་ཙག་ཙིག་སོགས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བྱེད་པར་འཚམ་པའི་ལས་གནས་ཆ་འཕྲིན་རིགས་དབྱེ་བསྡུ་རུབ་བྱས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རྣམས་གཙོ་གནད་ཁེ་ལས་སུ་ལས་ཞུགས་བྱས་ནས་འབབ་འཕར་ཡོང་བར་སྐུལ་སློང་དང་སྒྲིག་འཛུགས་བྱས། 

གཞན་ཡང་། “དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བ”སོགས་སྤྱི་པའི་ལས་ཞུགས་ཀྱི་ཆེད་དོན་བྱེད་སྒོའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ཀྱི་ཞིང་ཆེན(གྲོང་ཁྱེར)གྱི་ལས་མི་སྤྱོད་ལས་གནས་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁེ་ལས་ཟི་ལིང་དང་མཚོ་ཤར་སོགས་ཐག་རིང་ལུང་ཁུག་གི་ཤང་གྲོང་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་བསྐྱོད་དེ། “ལས་གནས་སྐྱེལ་བ་དང་གཤམ་དུ་བསྐྱོད་པ”དང“སྐོར་སྐྱོད་གདན་ཞུ”སོགས་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་ནས། ལས་མི་སྤྱོད་པའི་ལས་གནས་ཀྱི་ཆ་འཕྲིན་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་འབྲེལ་མཐུད་ཀྱི་ཕན་འབྲས་ཇེ་ཆེར་གཏང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཕག་གྲུབ།