ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་། ཧོང་ཀྲུང་ཆུས་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་ཡིས་སྒྲུབ་འགན་འཁུར་བའི“གྲོང་གསེབ་ཀྱི་མཛེས་ལྗོངས་ལ་ཡུལ་སྐོར་བྱེད་པ་དང་། གྲོང་གསེབ་ཀྱི་ཟས་མཆོག་ལ་རོལ་མྱོང་བྱེད་པ། དམངས་སྲོལ་རིག་གནས་རོལ་མྱོང་བྱེད་པ་། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་འདྲིས་ལོངས་སྤྱོད་བྱེད་པ”བཅས་བརྗོད་བྱ་གཙོ་བོ་བཟུང་ནས། 2023ལོའི་ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་མགོ་རྩོམ་མཛད་སྒོ་དེ་ཆན་ཙི་ཡོན་ཞིང་ལས་ཚན་རྩལ་དངོས་མང་སྟོན་ཚོགས་གླིང་དུ་སྤེལ། 

མགོ་རྩོམ་མཛད་སྒོའི་སྟེང་རིག་གནས་ཡུལ་སྐོར་འོས་སྦྱོར་པ10ལ་ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་འོས་སྦྱོར་དཔོན་གྱི་གདན་ཞུའི་ཡི་གེ་སྤྲད་པ་དང་། 2022ལོར་གསར་དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་དང་གྲོང་རྡལ། སྐར་མ་རིམ་པའི་གྲོང་གསེབ་རིག་གནས་ཡུལ་སྐོར་སྣེ་ལེན་བྱེད་ས། རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་ས། ཁྱད་ལྡན་སྡོད་ཁང་བཅས་ལ་བྱ་དགའ་སྤྲད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་དེ་ཟླ5བ་ནས་ཟླ10བའི་བར་སྤེལ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།