ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྣང་བརྙན་རྟགས་མཚན་དང་དྲིལ་སྒྲོག་ཡི་གེའི་བྱ་དགའ་ཡོད་པའི་བྱ་འགུལ་དཔྱད་འདེམས་བྱ་བ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྣང་བརྙན་རྟགས་མཚན་དང་། དྲིལ་སྒྲོག་ཡི་གེའི་བྱ་དགའ་ཡོད་པའི་བྱ་འགུལ་དཔྱད་འདེམས་བྱ་བ་དེ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་མགོ་བརྩམས།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྣང་བརྙན་རྟགས་མཚན་དང་དྲིལ་སྒྲོག་ཡི་གེ་ནི་སྤྱི་ཚོགས་ཡོངས་སུ་ཁ་གཏོད་པ་དང་། ཆེས་ཐུན་མིན་གྱི་སྣང་བརྙན་མངོན་པ་ཡིན་ཞིང་། མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན། དང་བླངས་ཞབས་ཞུ་དང་ཟོང་རྟགས་བཞེངས་སྐྲུན་སོགས་ཀྱི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་མཐར་ཕྱིན་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་འདུ་ཤེས་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་མཚན་སྙན་རྒྱ་བསྐྱེད་པར་མི་རེ་རེ་དེའི་ཁྲོད་དུ་ཞུགས་ཏེ་མཉམ་དུ་གསར་སྐྲུན་བྱེད་པའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ2023ལོའི་ཟླ1པོའི་ཚེས18ཉིན་ནས་བཟུང་སྤྱི་ཚོགས་ཡོངས་སུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྣང་བརྙན་རྟགས་མཚན་དང་དྲིལ་སྒྲོག་ཡི་གེ་བསྡུ་སྒྲིག་བྱེད་མགོ་བརྩམས། ཟླ3པའི་ཚེས31ཉིན་བར་ཁྱོན་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྣང་བརྙན་རྟགས་མཆན་630དང་། དྲིལ་སྒྲོག་ཡི་གེ2000ལྷག་འབྱོར། ལེགས་སྒྲིག་དང་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། མཇུག་མཐར་ཚད་གཞི་དང་མཐུན་པའི་རྟགས་མཚན་སྣང་བརྙན་496དང་། དྲིལ་སྒྲོག་ཡི་གེ754གཏན་ཁེལ་བྱས། 

མགོ་རྩོམ་མཛད་སྒོའི་སྟེང་། ཞིང་ཆེན་ཕྱི་ནང་གི་མཛེས་རྩལ་དང་། ངོས་སྙོམས་འཆར་འགོད། ཁོར་སྲུང་། རྩོམ་རིག་སྒྱུ་རྩལ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ15ཡི་གྲུབ་པའི་དཔྱད་འདེམས་ཚན་ཆུང་གིས། གཏན་འཇགས་འདེམ་ཤོག་གྲངས་ཀ་ལྟར་སྐོར་རིམ་མང་པོའི་འདེམས་ཤོག་འཕེན་པའི་རྣམ་པས་སྣང་བརྙན་རྟགས་མཚན76དང་། དྲིལ་སྒྲོག་ཡི་གེ36བདམས། དཔྱད་འདེམས་ཚན་ཆུང་གིས་ད་དུང་བརྩམས་ཆོས་བསྐྱར་དཔྱད་དང་། དྲ་རྒྱའི་འདེམས་ཤོག་འཕེན་པའི་དཔྱད་འདེམས། གྲུབ་འབྲས་ངེས་ལེན་སོགས་ཀྱི་གོ་རིམ་བརྒྱུད་མཐར། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་ནང་སྙིང་དང་། ལོ་རྒྱུས་རིག་གནས་ཀྱི་རྨང་མཐུག་པ། སྤྱི་ཡོངས་ཀྱིས་ངེས་ལེན་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་བྱས་ཏེ། སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ཀྱི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་བཏོན། །      

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།