ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་བ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གྱིས་ཏང་ལ་བློ་དཀར་བའི་ལངས་ཕྱོགས་བརྟན་པོ་དང་འགན་འཁྲི་དངོས་སྒྲུབ་ཀྱི་སྤྱོད་སྟངས་ཀྱིས། “ཏང་ལ་སེམས་བདེ་མོ་བྱོས་དང་། རྒྱལ་ཁབ་སྟོབས་ལྡན་ལ་ང་རང་ཡོད”པའི་ལང་ཚོའི་དམ་བཅའ་དང་འབད་བརྩོན་རྣམ་འགྱུར་གྱིས། ལང་ཚོའི་དྲི་བར་ལན་ཡག་པོ་ཞིག་འདེབས་པ་དང་། ལང་ཚོའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དུས་རབས་གསར་བའི་རྒྱུགས་སྤྲོད་ཀྱི་ལམ་བུའི་སྟེང་མདུན་དུ་བསྐྱོད་དགོས་པའི་སྐུལ་མ་གནང་། 

གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུས་ཞའོ་གྲོས་ཚོགས་སུ་ཞུགས་ཏེ་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ལི་མིན། ཝང་བའེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ཧའེ་ཧོང་བཅས་གྲོས་ཚོགས་སུ་ཞུགས། 

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། ཚོགས་ཆེན་འཚོག་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་དུས་ཡུན་རིང་བོར་མཚོ་སྔོན་གུང་གཞོན་ཚོགས་པའི་བྱ་བར་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་སེམས་གཏིང་ནས་བཀའ་དྲིན་ཞུས་པ་དང་། ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་པ། རིགས་སོ་སོའི་ལས་རིགས་ཁག་གི་ན་གཞོན་དང་། ན་གཞོན་ལས་སྒྲུབ་པར་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་མ་ཟད། གུང་གཞོན་ཚོགས་པ་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 

ཁྲེན་ཀང་གིས་བསྟན་དོན། གུང་གཞོན་ཚོགས་པ་ནི་ན་གཞོན་རང་ཉིད་ཀྱི་རྩ་འཛུགས་ཤིག་ཡིན་པ་མ་ཟད། ན་གཞོན་ལ་ཞབས་ཞུ་སྒྲུབ་པའི་རྩ་འཛུགས་ཤིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་བྱ་བའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་སྒོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གྱིས་ལང་ཚོའི་བློ་གྲོས་དང་རྔུལ་ཆུ་མཐོ་སྒང་གི་ཡུལ་གྲུ་སྟེང་དུ་གཏོར་བར་བྱེད་པ་དང་། བྱས་རྗེས་འཇོག་པ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། མི་རིགས་བསྐྱར་དར་གྱི་ལམ་བུའི་སྟེང་དེང་རབས་ན་གཞོན་གྱི་གྲུབ་འབྲས་ལེགས་པོ་འཇོག་དགོས། ཏང་གི་ཆེད་དུ་མི་གསོ་སྐྱོང་རྒྱུན་འཁྱོངས་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། མི་གསོ་སྐྱོང་གི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་རིགས་མང་པོ་དང་རིག་གནས་མང་པོ་མཉམ་འདྲེེས་ཀྱི་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། རྒྱ་ཆེའི་ན་གཞོན་གྱིས་དུས་རབས་ཀྱི་གནས་ཚད་ཁྲོད་མི་སྒེར་གྱི་ཕུགས་འདུན་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་དགོས། དཀྱིལ་སྙིང་བྱ་བར་ཞབས་ཞུ་སྒྲུབ་པ་དང་། “ཏང་ལ་འབོད་སྐུལ་ཡོད་པ་དང་། གུང་གཞོན་ཚོགས་པར་འགུལ་སྐྱོད་ཡོད་པ”དེ་བྱ་བའི་གོ་རིམ་ཧྲིལ་བོར་སྦྲེལ་ཏེ། རྒྱ་ཆེའི་ན་གཞོན་གྱིས་“མཐོ་ས”གསར་སྐྲུན་དང་། “གནས་བཞི”འཛུགས་སྐྲུན་གྱི་ལག་ལེན་ཁྲོད་དུས་རབས་གསར་བའི་མདུན་བསྐྱོད་པ་ཞིག་བྱེད་དགོས། སྦྲེལ་ཟམ་སྒྲོག་ཐག་གི་བྱེད་ནུས་འདོན་པ་དང་ན་གཞོན་གྱི་བྱ་བ་དང་དམ་དུ་འབྲེལ་ཏེ། ན་གཞོན་པར་བརྩི་མཐོང་དང་ཡིད་ཆེས་བྱས་ནས་ན་གཞོན་པའི་གྲོགས་པོ་བཟང་བོ་དང་ན་གཞོན་ལས་སྒྲུབ་སྤྲོ་སེམས་ཅན། དེ་མིན་ན་གཞོན་གྱི་ལམ་སྣ་འདྲེན་མཁན་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་གྱི་རང་འགུལ་ངང་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དེ། མཚོ་སྔོན་ལ་གཏོང་ཕོད་བྱེད་པ་དེ་མི་ཚེ་འཚོལ་སྙེག་དུ་བྱེད་དགོས།  རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། ཆབ་སྲིད་དང་སྔོན་ཐོན། མང་ཚོགས་རང་བཞིན་བཅས་ཤུགས་དྲག་ཏུ་བཏང་ནས། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་གཟབ་ནན་གྱི་སྤྱོད་སྟངས་ཀྱིས་གུང་གཞོན་ཚོགས་པ་དེ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་དང་། ན་གཞོན་གྱི་མདུན་གྲལ་དུ་བསྐྱོད་པའི་ན་གཞོན་རྩ་འཛུགས་ཤིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། དེ་རིང་གི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲིས་པའི་མདུན་ལྗོངས་འཆར་འགོད་སྟེང་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་ན་གཞོན་གྱིས་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད་པ་དང་འཇོན་ཐང་མངོན་པའི་གར་སྟེགས་སྔར་ལས་ཡངས་ལ། ཕུགས་འདུན་མངོན་འགྱུར་གྱི་མདུན་ལྗོངས་སྔར་ལས་འོད་སྣང་ལྡན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གྱིས་ཕུགས་འདུན་བརྟན་པོ་དེ་མི་ཚེ་ཧྲིལ་བོའི་བསླབ་གཞིར་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་ཆགས་སུ་བཅུག་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། ཏང་གི་དྲིན་དྲན་པ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་། ལམ་འབྱེད་སྙིང་སྟོབས། ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། མི་སྒེར་གྱི་ཧུར་བརྩོན་གྱི“དམིགས་འབེན་ཆུང་བ”དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཇུས་འགོད་ཆེན་མོའི་ཁྲོད་འདྲེས་སུ་འཇུག་པ་དང་། གཞི་རིམ་དུ་རྐང་ཟུག་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་ཡོད་པ་དང་གསར་གཏོད་ལ་མཁས་པར་བྱས་ཏེ། ཕུགས་འདུན་ཡོད་པ་དང་སྣེ་ཁྲིད་བྱེད་པ། འགན་འཁྲི་ཡོད་པ། གདོང་མཆོངས་བྱེད་ཕོད་པའི་དུས་རབས་གསར་བའི་མཚོ་སྔོན་གྱི་ན་གཞོན་བཟང་བོ་ཞིག་བྱེད་པར་འབད་བརྩོན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་རྩ་འཛུགས)ཀྱིས་ན་གཞོན་བྱ་བ་དེ་འཐབ་ཇུས་རང་བཞིན་གྱི་བྱ་བར་བཟུང་ནས་དམ་འཛིན་བྱེད་པ་དང་། ཏང་གིས་གུང་གཞོན་ཚོགས་པའི་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། ཏང་འཛུགས་ཀྱིས་གུང་གཞོན་ཚོགས་པའི་སྒྲིག་སྲོལ་འཛུགས་སྐྲུན་དོན་འཁྱོལ་དང་། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་མགོ་ཁྲིད་ལེགས་འདེམས་བྱས་ནས། སྤྱི་ཚོགས་ཡོངས་སུ་ན་གཞོན་ལ་དགའ་བ་དང་། ན་གཞོན་ལ་སྐུལ་བ། ན་གཞོན་ལ་རྒྱབ་སྐྱོར་གྱི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།