ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་ཕྱེ་ཐུག་ལས་རིགས་ཀྱི་ལས་བཟོ་བའི་ཆེད་ལས་ནུས་རྩལ་འགྲན་བསྡུར་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་ཕྱེ་ཐུག་ལས་རིགས་ལས་བཟོ་བའི་ཆེད་ལས་ནུས་རྩལ་འགྲན་བསྡུར་དེ་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁོར་ཁུལ་གསར་དུ་མགོ་བརྩམས། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཞུས་ལིའུ་ཕིང་གིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས། 

ཞུས་ལིའུ་ཕིང་གིས་ཤིས་ཚིག་ཁྲོད་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཕྱེ་ཐུག་ལས་རིགས་ཀྱི་ལས་བཟོ་བའི་ནུས་རྩལ་འགྲན་བསྡུར་དེ་དཀྱིལ་སྙིང་དང་དམ་དུ་འབྲེལ་བ་དང་། སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་ལྡན་གྱི་དམ་འཛིན་བྱེད་སར་བཟུང་ནས། ཕྱེ་ཐུག་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཧུར་ཐག་གིས་བྱེད་ནུས་འདོན་སྤེལ་བྱས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ངལ་རྩོལ་དང་ནུས་རྩལ་འགྲན་བསྡུར་བརྒྱུད་དེ། ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་བྱས་ཏེ། བཟོ་ཚོགས་ཀྱི་རྩ་འཛུགས་དགེ་མཚན་འདོན་སྤེལ་བྱས་ནས། མཉམ་ལས་བརྗེ་རེས་དམ་ཟབ་དང་། སྤྱིའི་འདུས་ཤུགས་གྲུབ་པར་བྱས་ཏེ། འགྲན་བསྡུར་ལེགས་པོར་སྒྲུབ་པ་དང་། ཟོང་རྟགས་ལེགས་པོར་སྒྲུབ་ནས། ཕྱེ་ཐུག་ནུས་རྩལ་འགྲན་བསྡུར་དེ་ཟོང་རྟགས་ཅན་དང་གཞི་ཁྱོན་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་མགོ་རྩོམ་མཛད་སྒོར་ཤིས་ཚིག་ཕུལ། ཞིང་ཆེན་གྱི་མགོ་ཁྲིད་ཝུའུ་ལ་ཙིའི་པེ་ཁུ་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན། ཝང་ལི་མིན། དབྱང་ཀྲི་ཝུན། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱ་ཅི་ཞའོ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཙོན་ཀྲིན་མཛད་སྒོར་ཞུགས། 

སྐབས་འདིའི་འགྲན་བསྡུར་ནི་ཞིང་ཆེན་རིམ་པའི་འགྲན་བསྡུར་ཡིན་པ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་། ཞིང་ཆེན་ཏང་ཨུའི་འཇོན་མི་གཞུང་ལས་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་ཚོང་དོན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། འགྲན་བསྡུར་ལ་ཕྱེ་ཐུག་གི་མི་སྒེར་གྱི་རྣམ་གྲངས་དང་ཕྱེ་ཐུག་ཐོན་རྫས། ཕྱེ་ཐུག་གསར་གཏོད་ཀྱི་ཚོགས་པའི་རྣམ་གྲངས་བཅས་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་རིགས་དང་པོའི་འགྲན་བསྡུར་གྱི་བྱ་དགའི་བྱེད་ཐབས་ལྟར། འགྲན་བསྡུར་གྱི་སྤྱིའི་གྲུབ་འབྲས་ཀྱི་སྔོན་གྱི་ཨང་དྲུག་པ་ཐོབ་པའི་འགྲན་ཞུགས་པར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི་ནུས་རྩལ་འཇོན་མིའི”མཚན་སྙན་གནང་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ30ཡི་འཐུས་ཚབ་རུ་ཁག་གི་འགྲན་ཞུགས་པ107གྱིས་འགྲན་བསྡུར་སྟེང་ནུས་རྩལ་མངོན་པ་དང་། ཕྱེ་ཐུག་གཡོས་སྦྱོར་བྱས་ཏེ། ཡུལ་དངོས་ལྟད་མོ་བར་ཟས་བཅུད་འཛོམས་པའི་དགྱེས་སྟོན་ཞིག་བཤམས། 

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩལ་ནུས་འགྲན་བསྡུར་དེ་ཐོན་ལས་ལས་བཟོ་བའི་དཔུང་ཁག་འཛུགས་སྐྲུན་བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་དུ་བྱས་ཏེ། སྔ་རྗེས་སུ་འབྲི་ཆུ་ཟུར་གསུམ་གླིང་། ཧེ་ནན་ཞིང་ཆེན་དང་ཞིང་ཆེན་ནང་ཁུལ་དུ་སྐབས་མང་པོའི་ཕྱེ་ཐུག་ལས་རིགས་ཀྱི་ཆེད་ལས་རྩལ་ནུས་འགྲན་བསྡུར་མང་པོ་སྤེལ་བ་དང་། རྩལ་ནུས་ཅན་དང་གསར་གཏོད་ཅན་གྱི་སྤུས་ཚད་མཐོ་བའི་ཕྱེ་ཐུག་ལག་རྩལ་འཇོན་མིའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཕྱེ་ཐུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་པ་འདོན་པར་སྐུལ་འདེད་བཏང་། །   

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།